འབྲུག་གི་ཅ་དམ་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ཅ་དམ་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དེ་ ཆ་འཇོག་འབད་ཡོདཔ་ཨིན་ པས།

ཆ་འཇོག་འབད་བའི་སྐབས་ ཚོགས་ཁང་ནང་ འཐུས་མི་༣༨ ཡོད་ས་ལས་ འཐུས་མི་༥ གིས་ འཛེམ་ཡོདཔ་ད་༡ གིས་ རྒྱབ་སྐྱོར་མ་འབད་རུང་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།

འཕྲི་སྣོན་དཔྱད་ཡིག་དེ་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ལྷག་ཐེངས་དང་པ་དང་ གཉིས་པ་འབད་དེ་ ཚོགས་ཁང་ནང་ ངོ་སྤྲོད་ཕུལ་བའི་ཤུལ་ལས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ གྲོས་བསྡུར་འབད་དེ་ ཚོགས་ཁང་ནང་ བཙུགས་ཡོདཔ་ཨིན་པས།

དཔྱད་ཡིག་ཆ་འཇོག་འབད་མི་ལུ་ སྒྲིག་གཞི་དང་ལམ་ལུགས་བཟོ་སྟེ་ བཅའ་ཁྲིམས་ལུ་ འགྱུར་ནི་ཨིནམ་ད་ ཀུན་གྱིས་ཤེས་དགོ་མི་དེ་ ནད་ཡམས་སྐབས་ དཔལ་འབྱོར་གནས་སྟངས་ཀྱི་ དཀའ་སྡུག་གི་གནས་སྟངས་ནང་ མི་སེར་ཚུ་ལུ་ མི་དབང་མཆོག་ལས་ འགན་སྐྱབས་མཛད་དེ་ཡོདཔ་ལས་ གཞུང་གིས་ཡང་ འབད་ཚུགས་མ་ཚུགས་བལྟ་སྟེ་ ལྷན་ཐབས་བཟུམ་ཅིག་སྦེ་ བསྐྱར་ཞིབ་འབད་བའི་ཚུལ་གྱི་ བརྩི་མཐོང་འབད་དགོ་ཟེར་ བཅའ་ཁྲིམས་འགོ་འཛིན་པ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་ཡོདཔ་ཨིན་པས།

ད་ལས་ཕར་ ཁྲལ་གྱི་འགྱུར་བ་དེ་གིས་ ད་ལྟོ་མ་ཚད་ མ་འོངས་པའི་ནང་ རྒྱལ་ཁབ་ནང་ ཕན་ཐོགས་དང་ མི་སེར་ཚུ་ལུ་ཡང་ ཕོག་དགོ་མི་མ་གཏོགས་ ཕོག་མ་དགོ་མི་ ཁྲལ་རིགས་ཚུ་མ་བཀལ་བར་ བཞག་ནིའི་རེ་བ་དང་ མི་སེར་དང་གཞུང་གི་བར་ན་ སྟབས་བདེ་ཏོག་ཏོ་ བཟོ་ཐབས་ལུ་དམིགས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *