མགར་སའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ།

འབྲུག་ཀུན་མཉམ་ཚོགས་པ་གིས་ མགར་ས་དང་ གཞལམ་སྒང་ བསམ་རྩེའི་ འདེམས་ངོ་༣ ངོ་སྤྲོད།

༉ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ བསམ་རྩེ་དང་ མགར་ས་ དེ་ལས་ གཞལམ་སྒང་རྫོང་ཁག་གི་ འདེམས་ཁོངས་༣ གྱི་ འདེམས་ངོ་ཚུ་ གསལ་བསྒྲགས་འབད་ནུག།
མགར་ས་རྫོང་ཁག་གི་དོན་ལུ་ སྐྱེས་ལོ་༣༦ ལང་མི་ ཀུན་ལེགས་རྡོ་རྗེ་དེ་ ཁ་སྨད་-ལུང་ནག་ནང་འདེམས་ཁོངས་ཀྱི་ འདེམས་ངོ་ཨིནམ་ད་ ཁོ་ལུ་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།

བསམ་རྩེའི་འདེམས་ངོ་ ས་ཇཱན་རའི།

ཁ་སྨད་རྒེད་འོག་ ཆུ་རག་ཕར་ཁ་ལས་ཨིན་མི་ ཀུན་ལེགས་རྡོ་རྗེ་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༨-༢༠༡༣ ཚུན་ ཁ་སྨད་-ལུང་ནག་ནང་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་སྦེ་ ཕྱག་ཞུ་ནུག།
དེ་ལས་ ཚོགས་པ་གིས་ བསམ་རྩེ་ རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ སྐྱེས་ལོ་༢༥ ལང་མི་ ས་ཇཱན་རའི་ཨིནམ་ད་ ཁོ་ར་ ཚོགས་པའི་འདེམས་ངོ་ཚུ་གི་གྲས་ལས་ ལོ་ན་ཆུང་ཤོས་ཅིག་ཨིན་པས།

གཞལམ་སྒང་གི་འདེམས་ངོ་ ཚེ་རིང་ལྷུན་གྲུབ།

འདེམས་ངོ་དེ་གིས་ སྲིད་དོན་པ་སྦེ་ བཅའ་མར་མ་གཏོགས་པའི་ཧེ་མར་ ཤེས་རིག་ལྷན་ཁག་ སློབ་གྲྭ་ཤེས་ཡོན་ལས་ཁུངས་ སློབ་གྲྭ་འཕྲོད་བསྟེན་དང་ ཟས་བཅུད་སྡེ་ཚན་ནང་ ལས་རིམ་འགོ་དཔོན་ཞིབ་རོགས་སྦེ་ ལཱ་འབད་ཡོདཔ་ད་ ཁོ་ལུ་ ཡུན་བརྟན་གོང་འཕེལ་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
ད་རུང་ སྐྱེས་ལོ་༣༠ ལང་མི་ ཚེ་རིང་ལྷུན་གྲུབ་ཀྱིས་ གཞལམ་སྒང་ པཱན་སྦང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ར་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ གཡུས་ཁ་ལུ་ སོ་ནམ་གྱི་ ལཱ་འབད་དེ་ སྡོད་ཡོདཔ་མ་ཚད་ མོང་སྒར་ཡ་ལྡི་སློབ་གྲྭ་ལྟེ་བའི་ནང་ བརྡ་དོན་འཕྲུལ་རིག་གི་ སློབ་སྟོན་པ་ཡང་ འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *