འདོད་སྤྱོད་བརྙས་བཅོས་དང་འབྲེལ་བའི་གནད་དོན་ སེལ་ཐབས་འབད་ནིའི་དོན་ལུ་ འབྲེལ་སྟེགས་གཞི་བཙུགས།

༉ སྤྱི་ཟླ་༧ པའི་ཚེས་༣ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་ ལཱ་འབད་སའི་ས་གོ་ནང་ འདོད་སྤྱོད་བརྙས་བཅོས་ཀྱི་གནད་དོན་རེ་ འབྱུང་པའི་སྐབས་ སྙན་ཞུ་འབད་སའི་འབྲེལ་སྟེགས་ཅིག་ གཞི་བཙུགས་འབད་ཡི།

འབྲེལ་སྟེགས་གཞི་བཙུགས་འབད་དགོ་པའི་ དམིགས་དོན་གཙོ་བོ་ར་ ཞི་གཡོགཔ་ཚུ་ ལཱ་འབད་བའི་སྐབས་ལུ་ འདོད་སྤྱོད་བརྙས་བཅོས་དང་འབྲེལ་བའི་ སྟབས་མ་བདེ་བའི་གནོད་དོན་དང་ ཚ་གྱང་ཚུ་ སྙན་ཞུ་འབད་ནིའི་དོན་ལུ་ཨིན་པས།

ཞི་གཡོགཔ་ཚུ་ལཱ་འབད་བའི་སྐབས་ལུ་ འཐབ་འཛིང་འབད་ནི་དང་ ཕྱོགས་རིས་ཕྱེ་ནི་ དེ་ལས་ ཆང་དང་སྨྱོ་རྫས་དང་འབྲེལ་བའི་གནད་དོན་རེ་ འཐོན་པའི་སྐབས་ལུ་ བསལ་ནིའི་དོན་ལས་ ཞི་གཡོགཔ་ཞབས་ཏོག་འབྲེལ་སྟེགས་ཡོདཔ་ཨིན་རུང་ འདོད་སྤྱོད་བརྙས་བཅོས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ འབྲེལ་སྟེགས་གསརཔ་ གཞི་བཙུགས་འབད་ཡོདཔ་ད་ ད་ལྟོ་ ཞབས་ཏོག་ལག་ལེན་འཐབ་ནིའི་དོན་ལུ་ མི་སྟོབས་འགོ་དཔོན་༢ བཙུགས་ནུག།

སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་མི་ ཞི་གཡོགཔ་ཞབས་ཏོག་འབྲེལ་སྟེགས་ནང་ ད་ཚུན་གྱི་རིང་ ཆང་དང་སྨྱོ་རྫས་དང་འབྲེལ་བའི་གནད་དོན་༢༤ སེམས་ཁམས་དང་འབྲེལ་བའི་གནད་དོན་༢ དང་ ཨམ་སྲུ་ལུ་ སྟབས་མ་བདེ་བའི་གནད་དོན་༢ ཐོ་བཀོད་འབད་ཡོདཔ་ཨིན་པས།

འབྲེལ་སྟེགས་གསརཔ་ ལྟ་རྟོག་འབད་མི་ ཤེས་རབ་བཟང་པོ་གིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ འདོད་སྤྱོད་དང་འབྲེལ་བའི་སྙན་ཞུ་ མ་ལྷོད་རུང་ ང་བཅས་ཀྱིས་འབད་བ་ཅིན་ མི་ཚུ་གིས་ འདོད་སྤྱོད་བརྙས་བཅོས་སྐོར་ལས་ ལེགས་ཤོམ་ཧ་མ་གོཝ་བཟུམ་མཐོང་མི་ལུ་བརྟེན་ མི་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་གནད་དོན་སྐོར་ལས་ གོ་བརྡ་སྤེལ་ནིའི་ལས་རིམ་འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

དེ་མ་ཚད་ ཁོ་གིས་བཤད་མིའི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འབྲེལ་སྟེགས་གསརཔ་དེ་ མི་མང་གི་གནད་དོན་ཚུ་སྙན་ཞུ་འབད་བའི་སྐབས་ལུ་ མགུ་འཐོམ་མ་དགོ་པར་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་ཕུལ་ཞིནམ་ལས་ དཀའ་ངལ་ཚུ་ གང་མགྱོགས་བསལ་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

འབྲེལ་སྟེགས་གསརཔ་ གཞི་བཙུགས་འབད་མི་དེ་ ཞི་གཡོག་ཕན་བདེའི་ལས་རིམ་ནང་ བསྒྱུར་བཅོས་༥ འི་ནང་ལས་ གཅིག་ཨིནམ་ད་ ཞི་གཡོག་ཕན་བདེ་ལས་རིམ་དེ་ཡང་ ཕྱག་ཞུ་བའི་གནས་ཡུན་དང་ དགོངས་ཞུ་འབད་བའི་ དབྱེ་བ་༢ ལུ་ཕྱེས་ཡོདཔ་ཨིན་ཕས།

དེ་བཟུམ་སྦེ་ འབྲེལ་སྟེགས་འཛིན་སྐྱོང་དང་ ཕན་བདེའི་ཐབས་ལམ་ཚུ་ ལྷན་ཚོགས་ཀྱི་ ཞི་གཡོག་ཕན་བདེའི་ལས་སྣ་ གཞི་བཙུགས་འབད་མིའི་གྲངས་སུ་ཨིན་པས།

ཞི་གཡོགཔ་ཚུ་ རང་སོའི་ ལས་སྡེ་ནང་ འདོད་སྤྱོད་བརྙས་བཅོས་དང་འབྲེལ་བའི་གནད་དོན་ཚུ་ འཐོན་པའི་སྐབས་ ལས་སྡེ་ནང་འཁོད་ལུ་ ལྟ་རྟོག་འབད་ནིའི་ གཞི་བཀོད་དང་ ཨམ་སྲུ་དང་ཨ་ལོའི་ཚོགས་ཆུང་གིས་ ལྟ་རྟོག་འབད་དགོ་ནི་ཨིན་པས།

ཤེས་རབ་བཟང་པོ་གིས་ རྒྱབ་སྐྱོར་གྱི་ཞབས་ཏོག་ གཞི་བཙུགས་འབད་མི་དེ་གིས་ ཞི་གཡོགཔ་ཚུ་གི་ ལཱ་གི་བྱ་རིམ་ནང་ དཀའ་ངལ་དང་ རྒྱབ་སྐྱོར་དགོཔ་ཚུ་ ལྟ་ཏོག་འབད་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ འབྲེལ་སྟེགས་དེ་གི་ སྒྲིག་གཞི་དང་ གཞན་མི་གནད་དོན་དང་འབྲེལ་བའི་ དཀའ་ངལ་ཚུ་ སྔ་གོང་ལས་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *