པདྨ་གྲགས་པ།

འདེམས་ངོ་ཚུ་གིས་ རང་སོའི་རྒེད་འོག་ནང་ལས་ ཚོགས་རྒྱན་མང་སུ་སྦེ་ ཐོབ་ཡོདཔ།

༉ གཞལམ་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༥ ཡོད་མི་ཚུ་གིས་ རང་སོའི་རྒེད་འོག་ནང་ལས་ ཚོགས་རྒྱན་མང་སུ་སྦེ་ ཐོབ་ཚུགས་ནུག།

རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༤༠ ཡོད་ས་ལས་ པདྨ་གྲགས་པ་གིས་ ཚོགས་རྒྱན་ས་ཁོངས་༡༣ ལས་ ཚོགས་རྒྱན་མང་ཤོས་ ཐོབ་ཡོདཔ་བཞིན་དུ་ ཁོ་གིས་ ཚོགས་རྒྱན་བསྡོམས་༢,༦༣༩ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།

བར་དོ་རྒེད་འོག་ ཁོམ་ཤར་ལས་ སྐྱེས་ལོ་༤༩ ལང་མི་ པདྨ་གྲགས་པ་གིས་ ཁོ་རའི་ རྒེད་འོག་ལས་ ཚོགས་རྒྱན་༥༤༡ ཐོབ་ཡོདཔ་ད་ ཤིང་མཁར་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༥༤༩ ལས་ ཚོགས་རྒྱན་༣༠༣ དེ་ཅིག་ཐོབ་ནུག།

དེ་ལས་ ཀྲོང་གི་མི་སེར་ཚུ་གིས་ འཐུས་མི་དེ་ལུ་ ཚོགས་རྒྱན་༡༥༩ བཙུགས་ཡོདཔ་ད་ རྒེད་འོག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༧༥༧ གྱིས་ ཐོ་བཀོད་འབད་ཡོདཔ་ད་ འབྱོག་དཀར་རྒེད་འོག་བཟུམ་ཅིག་ནང་འབད་བ་ཅིན་ ཚོགས་རྒྱན་༡༠༨ ལས་བརྒལ་ ཐོབ་མ་ཚུགས་པས།

པདྨ་གྲགས་པ་གིས་ གནང་སྐོར་རྒེད་འོག་ལས་ ཚོགས་རྒྱན་༦༣ དང་ ངང་ལ་རྒེད་འོག་ལས་ ཚོགས་རྒྱན་༡༠༥ ཐོབ་ཡོདཔ་མ་ཚད་ སྒོ་ཤིང་རྒེད་འོག་ལས་༥༥ དང་ ཕངས་མཁར་རྒེད་འོག་ལས་༥༧ ཐོབ་ཚུགས་ཡོདཔ་བཞིན་དུ་ ཁོ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡,༣༩༡དང་ འགྲེམ་ཐོག་ཚོགས་རྒྱན་༡,༢༤༨ ཐོབ་ནུག།

ཕངས་མཁར་རྒེད་འོག་ལས་ རྡོ་རྗེ་ཚེ་བརྟན་གྱིས་ ཁོ་རའི་ རྒེད་འོག་ལས་ ཚོགས་རྒྱན་༥༤༡ ཐོབ་ཡོདཔ་བཞིན་དུ་ རྒེད་འོག་ནང་ ཁྱད་ཚད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༦༢༤ ཐོ་བཀོད་འབད་ཡོདཔ་ད་ འདེམས་ངོ་དེ་གིས་ ཀྲོང་རྒེད་དང་ སྒོ་ཤིང་ལས་ ཚོགས་རྒྱན་༢༩༠ དང་༢༧༥ རེ་ ཐོབ་ཡོདཔ་ཨིན་པས།

སྐྱེས་ལོ་༣༨ ལང་མི་གིས་ ངང་ལ་རྒེད་འོག་ལས་ ཚོགས་རྒྱན་༡༣༩ དང་ ཤིང་མཁར་རྒེད་འོག་ལས་༩༡ མ་ཐོབ་མ་ཚད་ བར་དོ་དང་ ནང་སྐོར་རྒེད་འོག་ལས་ ཚོགས་རྒྱན་དེ་ཅིག་ར་ ཐོབ་མ་ཚུགས་པས།

པདྨ་གྲགས་པ་ལས་ རྡོ་རྗེ་ཚེ་བརྟན་གྱིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལུ་ ཚོགས་རྒྱན་མངམ་ཐོབ་ཡོད་རུང་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༢༦ ལས་བརྒལ་ ཐོབ་མ་ཚུགས་པའི་ཁར་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལུ་ ཚོགས་རྒྱན་༡,༥༥༦ ཐོབ་ཡོདཔ་བཞིན་དུ་ བཙག་འཐུ་གྲུབ་མི་དང་ ཁོ་གི་བར་ན་ ཚོགས་རྒྱན་གྱི་ ཁྱད་པར་༤༥༧ ལས་བརྒལ་མེདཔ་ཨིན་པས།

དེ་ལས་ སྐྱེས་ལོ་༣༨ ལང་མི་ བསོད་ནམས་ལས་སྐྱིད་ཀྱིས་ ཁོ་རའི་ རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་༧༡༩ ཐོ་བཀོད་འབད་རུང་ ཁོ་གིས་ ཚོགས་རྒྱན་༧༡༩ ཐོབ་མ་ཚུགས་མི་ ཚོགས་རྒྱན་མཐོ་ཤོས་ཅིག་ཨིནམ་ད་ རྒེད་འོག་༦ ལས་ ཚོགས་རྒྱན་གངམ་ཐོབ་མ་ཚུགས་པའི་ཁར་ ཚོགས་རྒྱན་བཙུགས་སའི་ ས་གོ་ཅིག་ལས་ ཚོགས་རྒྱན་ཕུད་རྡོག་༡ ཐོབ་མ་ཚུགས་པས།

སྒོ་ཤིང་ལས་ སྐྱེས་ལོ་༥༧ ལང་མི་གིས་ རྒེད་འོག་དེ་ནང་ལས་ ཚོགས་རྒྱན་༣༦༨ ཐོབ་ཡོདཔ་ད་ ཚོགས་རྒྱན་བཙུགས་སའི་ ས་གོ་༤ ལས་ ཚོགས་རྒྱན་ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པས།

དེ་བཟུམ་སྦེ་ ངང་ལ་རྒེད་འོག་ལས་ རིན་ཆེན་གྱིས་ ཁོ་རའི་ རྒེད་འོག་ལས་ ཚོགས་རྒྱན་༦༡༥ ཐོབ་ཡོདཔ་བཞིན་དུ་ རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩༤༧ ཡོདཔ་ད་ འདེམས་ངོ་དེ་གིས་ ཕངས་མཁར་དང་ ནང་སྐོར་རྒེད་འོག་གི་ ཚོགས་རྒྱན་བཙུགས་སའི་ ས་གོ་༢ ལས་ ཚོགས་རྒྱན་ཕུད་རྡོག་༡ ཡང་ ཐོབ་མ་ཚུགསཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ གཞལམ་སྒང་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༤༧ ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་པར་འོང་ནུག།

དེ་ཡང་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༨,༣༩༦ ལས་ ༨,༨༠༢ ཀྱིས་ ཚོགས་རྒྱན་བཙུགས་ཡོད་མི་ནང་ ཨམ་སྲུ་༤,༡༢༨ དང་ ཕོ་སྐྱེས་༤,༦༧༤ ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་ ཐེངས་༢ པའི་ནང་ གཞམལ་སྒང་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༦,༠༥༠ ཡོད་མི་ལས་༦,༦༧༨ ཀྱིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་ལུ་ ཕབ་པ་ཅིན་ བརྒྱ་ཆ་༤༢ དེ་ཅིག་ལས་བརྒལ་ མེདཔ་ཨིན་པས།

ངོས་ལེན་འགོ་དཔོན་ལས་རོགསཔ་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ཚོགས་རྒྱན་ལྷན་ཐབས་ ས་གོ་ལས་ བཙུགས་ནི་ལུ་ སེམས་ཤུགས་འབད་དགོཔ་འདུག་ཟེར་ཨིན་པས།

དེ་ཡང་ ས་གོ་དེ་ནང་ལས་ ཚོགས་རྒྱན་བཙུགས་པ་ཅིན་ ཚོགས་རྒྱན་དེ་ དེ་ཅིག་ར་ ཆ་མེད་བཏང་དགོཔ་ མི་ཐོན་མས་ཟེར་ཨིནམ་ད་ རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༣,༤༣༣ ངོས་ལེན་འབད་བའི་ཁར་ འགྲེམ་ཐོག་ཚོགས་རྒྱན་༢༤༥ དེ་ ཆ་མེད་བཏང་དགོཔ་བྱུང་ནུག།

མི་ཚུ་གིས་ བཤད་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་ཚུ་ རྒྱ་སྐྱེད་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནི་ གོ་སྐབས་ག་ར་ལུ་ ཐོབ་ཚུགས་ནི་མས་ཟེར་ཨིན་པས།

སྐྱེས་ལོ་༥༧ ལང་མི་ ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ད་རེས་ མི་སེར་ལ་ལོ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུའི་ བཙག་འཐུའི་བར་ན་ ཁྱད་པར་ཕྱེ་མ་ཚུགས་པར་ཡོདཔ་ལས་ དེ་༢ ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་དགོཔ་འདུག་ཟེར་ཨིན་པས།

ཀྲོང་རྒེད་འོག་གི་ མི་སེར་དག་པ་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཚོགས་རྒྱན་གྱི་ ཉིནམ་མ་རན་པའི་ཧེ་མར་ འཐུས་མི་གསརཔ་དེ་ བཙག་འཐུ་འབད་ནིའི་ གྲོས་བསྟུན་འབད་ཡོད་རུང་ ད་ལྟོའི་ འཐུས་མི་དེ་ལུ་ འགྲེམ་ཐོག་གི་ ཚོགས་རྒྱན་མངམ་ཡོདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།

ནང་སྐོར་རྒེད་འོག་དང་ བར་དོ་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཅིག་ཡོད་རུང་ ནང་སྐོར་རྒེད་འོག་ནང་༧༡༩ དང་ བར་དོ་རྒེད་འོག་ནང་༦༥༢ དེ་ཅིག་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ མཐོ་ཤོས་དང་ དམའ་ཤོས་ར་ བྱོག་དཀར་རྒེད་འོག་ནང་༣༨༣ ལས་བརྒལ་ མ་འོངམ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *