བསོད་ནམས་དཔལ་འཛོམས་དང་ མོ་གི་བཟའ་ཚང་།

འདེམས་ངོ་མེད་པའི་ རྒེད་འོག་༤ ནང་ལས་ ཚོགས་རྒྱན་མཐོ་ཤོས་ བསོད་ནམས་དཔལ་འཛོམས་ཀྱིས་ ཐོབ་ཡོདཔ།

༉ མོང་སྒར་རྫོང་ཁག་ནང་ རྒེད་འོག་༡༧ ཡོད་མིའི་གྲས་ལས་ ཆ་གླིང་དང་ འབྲས་སྤུངས་ དགོངས་འདུས་ དེ་ལས་ འགྱུར་མེད་རྒེད་འོག་༤ ནང་ དོ་འགྲན་འབད་མི་ འདེམས་ངོ་མེདཔ་ལས་ མི་སེར་ཚུ་གིས་ རྒྱབ་སྐྱོར་མཐོ་ཤོས་ར་ བསོད་ནམས་དཔལ་འཛོམས་ལུ་ འབད་ཡོདཔ་ཨིན་པས།
ཚོགས་རྒྱན་གྱི་ཉིནམ་ལུ་ རྒེད་འོག་༤ ལས་ ཚོགས་རྒྱན་བཙུགས་མི་བསྡོམས་༢༠༨༨ ཐོན་མི་ལས་ བསོད་ནམས་དཔལ་འཛོམས་ཀྱིས་ ཚོགས་རྒྱན་༤༣༢ ཐོབ་མི་དེ་ དོ་འགྲན་འབད་མི་ འདེམས་ངོ་༡༣ གྱི་གྲས་ལས་ མཐོ་ཤོས་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༣༩༥ ཐོབ་མི་དེ་ མཐོ་ཤོས་ཨང་༢ པ་དང་ དེ་གི་འོག་ལས་ ཡེ་ཤེས་ལྷུན་གྲུབ་ཀྱིས་ ཚོགས་རྒྱན་༢༥༦ དང་ འཇམ་དབྱངས་བློ་གྲོས་ཀྱིས་ ཚོགས་རྒྱན་༢༢༡ ཐོབ་ནུག།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་བགྲེསཔ་ གནས་ཆུ་དང་ ཚེ་རིང་དབང་ཆེན་༢ ཀྱིས་ རྒེད་འོག་༤ ལས་ ཚོགས་རྒྱན་༡༢༩ མ་གཏོགས་ རྒྱབ་སྐྱོར་ཐོབ་མ་ཚུགསཔ་ཨིན་པས།
དེ་ཡང་ རྒེད་འོག་༤ གི་གྲས་ལས་ ཆ་གླིང་རྒེད་འོག་ནང་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་མི་ བསྡོམས་༥༣༨ ལས་ བསོད་ནམས་དབང་ཕྱུག་ལུ་ ཚོགས་རྒྱན་༡༨༢ བཙུགས་པའི་སྐབས་ བསོད་ནམས་དཔལ་ འཛོམས་ཀྱིས་ ཚོགས་རྒྱན་༦༧ ཐོབ་ཡོདཔ་ད་ གནས་ཆུ་གིས་ ཚོགས་རྒྱན་༢༠ དེ་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་༣༥ ཐོབ་ནུག།
འབྲས་སྤུངས་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༥༠༥ འོང་མི་ལས་ བསོད་ནམས་དབང་ ཕྱུག་ལུ་ ཚོགས་རྒྱན་མཐོ་ཤོས་༡༤༡ བཙུགས་པའི་སྐབས་ བསོད་ནམས་དཔལ་འཛོམས་ཀྱིས་༡༢༤ ཐོབ་ཡོདཔ་ད་ གནས་ཆུ་གིས་ ཚོགས་རྒྱན་༡༩ དེ་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་༡༤ ལས་བརྒལ་མ་ཐོབ་པས།
དགོངས་འདུས་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༥༡༦ ལས་ པདྨ་རྡོ་རྗེ་ལུ་ ཚོགས་ རྒྱན་མཐོ་ཤོས་༡༧༠ བཙུགས་པའི་སྐབས་ བསོད་ནམས་དཔལ་འཛོམས་ཀྱིས་༡༢༦ དང་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༢༡ དེ་ལས་ ཚེ་རིང་དབང་ཆེན་གྱིས་༢༡ དེ་ལས་ གནས་ཆུ་གིས་ ཚོགས་རྒྱན་༥༢ ཐོབ་ནུག།
དེ་བཟུམ་སྦེ་ འགྱུར་མེད་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༥༢༩ ལས་ སྐྱེངས་མཁར་རྒེད་འོག་གི་ གདམ་ངོ་ཡེ་ཤེས་ལྷུན་གྲུབ་ལུ་ ཚོགས་རྒྱན་༡༨༠ བཙུགས་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་འོག་ལས་ བསོད་ནམས་དཔལ་འཛོམས་ཀྱིས་ ཚོགས་རྒྱན་༡༡༥ ཐོབ་པའི་སྐབས་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༥༡ དང་ ཚེ་རིང་དབང་ཆེན་ལུ་ ཚོགས་རྒྱན་༥༩ དེ་ལས་ གནས་ཆུ་ལུ་ཚོགས་རྒྱན་༡༩ བཙུགས་ནུག།
ལྷག་པར་དུ་ བཙག་འཐུ་གྲུབ་མི་ བསོད་ནམས་དཔལ་འཛོམས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ ཚོགས་རྒྱན་བཙུགས་མི་༢ ཆ་ར་ལས་ ཚོགས་རྒྱན་མཐོ་སུ་སྦེ་ ཐོབ་ཡོདཔ་ད་ དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༡༠༡༢ དང་ འཕྲུལ་ཆས་ཚོགས་རྒྱན་༡༣༦༩ ཐོབ་ནུག།
བསོད་ནམས་དབང་ཕྱུག་གིས་ འཕྲུས་ཆས་ཚོགས་རྒྱན་༡,༣༦༩ ཐོབ་མི་དེ་ མཐོ་ཤོས་ཨང་༢ པ་ཨིནམ་ད་ ཨང་༣ པ་དེ་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་༡,༣༥༣ གནས་ཆུ་གིས་ ཚོགས་རྒྱན་༡,༡༨༥ ཐོབ་ནུག།
རྒེད་འོག་ནང་ དོ་འགྲན་འབད་མི་ འདེམས་ངོ་༡༣ གྱི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་༢ བསྡོམས་པའི་སྐབས་ བསོད་ནམས་དཔལ་འཛོམས་ཀྱིས་ ཚོགས་རྒྱན་༢,༤༠༦ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
དེ་གི་ཤུལ་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་༢,༢༣༤ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༢,༡༢༩ དེ་ལས་ གནས་ཆུ་གིས་ ཚོགས་རྒྱན་༢,༠༩༧ དང་ འཇམ་དབྱངས་བློ་གྲོས་ཀྱིས་ ཚོགས་རྒྱན་༡,༥༠༩ ཡེ་ཤེས་ ལྷུན་གྲུབ་ཀྱིས་ ཚོགས་རྒྱན་༡,༤༣༦ དེ་ལས་ པདྨ་རྡོ་རྗེ་གིས་ ཚོགས་རྒྱན་༡,༣༠༤ ལས་བརྒལ་ ཐོབ་མ་ཚུགས་པས།
ལྕགས་སི་མཁར་རྒེད་འོག་ལས་ དོ་འགྲན་འབད་མི་ གནས་བརྟན་གྱིས་ ཚོགས་རྒྱན་༡,༢༡༩ ཐོབ་པའི་སྐབས་ མོང་སྒར་རྒེད་འོག་ལས་ རིན་ཆེན་རྡོ་རྗེ་གིས་ ཚོགས་རྒྱན་༡,༠༥༢ དང་ ཐང་རོང་རྒེད་འོག་ལས་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་༧༠༤ ཤེར་མུ་ཧཱུྂ་རྒེད་འོག་གི་ འཆི་མེད་རྡོ་རྗེ་གིས་ ཚོགས་རྒྱན་༦༧༣ ཐོབ་ནུག།
བཱ་ལམ་རྒེད་འོག་ལས་ ཚེ་རིང་དཔལ་འབྱོར་གྱིས་ ཚོགས་རྒྱན་༥༨༩ དང་ དགྲ་མེད་རྩེ་ཨྱོན་ཚེ་རིང་གིས་ ཚོགས་རྒྱན་༥༡༡ ཐོབ་ནུག།
སྤྱི་ཟླ་༤ པའི་ཚེས་༢༠ ཚོགས་རྒྱན་གྱི་ཉིནམ་ལུ་ འཕྲུལ་ཆས་ཚོགས་རྒྱན་ནང་ ཚོགས་རྒྱན་བཙུགས་མི་ཡོངས་ བསྡོམས་༡༡,༤༦༤ ལས་ ཕོ་སྐྱེས་༤,༨༢༩ དང་ ཨམ་སྲུ་༦,༦༣༥ ཐོན་ཡོདཔ་ད་ ཕོ་སྐྱེས་ལས་ ཨམ་སྲུ་༡,༨༠༦ གིས་ ཚོགས་རྒྱན་བཙུགས་མི་ མངམ་ཐོན་ནུག།
ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་དང་ ཚོགས་རྒྱན་ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ མི་བསྡོམས་༦,༣༥༩ ལས་ ཕོ་སྐྱེས་༣,༨༠༤ དང་ ཨམ་སྲུ་༢,༤༥༥ ཐོན་ནུག།
འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༦,༦༡༡ ལས་༡༧༦ ཆ་མེད་བཏང་ཡོདཔ་བཞིན་དུ་ འཕྲུལ་ཆས་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༧,༨༦༣ ལས་ ཨམ་སྲུ་༩,༠༩༠ དང་ ཕོ་སྐྱེས་༨,༦༣༢ ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *