འདས་པའི་ཟླཝ་༡༢ ནང་ དངུལ་ཀྲམ་གྱི་གནས་གོང་ དངུལ་ཀྲམ་༧༥ དེ་ཅིག་ལུ་ བབས་ཡོདཔ།

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ཡིག་ཚང་གིས་ སྐྱ་ནམ་རིན་ཐང་ཚད་གཞི་གི་ གནས་སྡུད་བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ དངུལ་ཀྲམ་གྱི་ ཉོ་ནིའི་གནས་གོང་དེ་ སྤྱི་ཟླ་༥ པའི་ནང་ དངུལ་ཀྲམ་༡༠༠ འབད་མི་དེ་ དངུལ་ཀྲམ་༧༥ གི་གནས་གོང་ལུ་ ལྷོད་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ཟླཝ་༡༢ ཀྱི་ནང་འཁོད་ལུ་ དངུལ་ཀྲམ་གྱི་གནས་གོང་དེ་ བརྒྱ་ཆ་༢.༥༦ མར་བབས་སོང་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༧ སྤྱི་ཟླ་༥ པ་ལས་ སྤྱི་ལོ་༢༠༡༨ སྤྱི་ཟླ་༥ པའི་བར་ན་ དཔལ་འབྱོར་གྱི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
དེ་ཡང་ སྤྱི་ལོ༢༠༡༧ སྤྱི་ཟླ་༥ པ་ལས་ དུས་ཅི་སྤྱི་༥ པའི་བར་ན་ སྐྱ་ནམ་རིན་ཐང་ཚད་གཞི་དེ་ བརྒྱ་ཆ་༢.༦༢ ཀྱིས་ ཡར་སེང་འགྱོ་མི་དེ་ སྤྱི་ཟླ་༤ པའི་ཟླཝ་གི་གོང་ཚད་དང་ཕྱདཔ་ད་ ཟ་ཆས་དང་ཟ་ཆས་མིན་པའི་རིགས་གཉིས་ཆ་ར་ནང་ དུམ་གྲ་རེ་ སར་སེང་འགྱོ་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ཡིག་ཚང་གིས་ བསྡུ་སྒྲིག་འབད་མི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ཟླ་༤ པ་དང་ཕྱདཔ་ད་ ཟ་ཆས་ཀྱི་རིགས་ཚུ་ བརྒྱ་ཆ་༥.༥༢ དང་ ཟ་ཆས་མིན་པའི་རིགས་ཚུ་ བརྒྱ་ཆ་༠.༧༤ གིས་ ཡར་འཛེགས་ནུག་ཟེར་ཨིན་པས།
དེ་མ་ཚད་ ནང་འཁོད་ཀྱི་ ཞབས་ཏོག་དང་ཐོན་སྐྱེད་རིགས་ཚུ་ལུ་ཡང་ སྤྱི་ཟླ་༥ པའི་ནང་ བརྒྱ་ཆ་༡.༦༩ གིས་ ཡར་འཛེགས་མི་དེ་ཡང་ གཙོ་བོ་ར་ ཟ་ཆས་ཀྱི་གོང་ཚད་དེ་ བརྒྱ་ཆ་༤.༣༣ གྱིས་ཡར་འཛེགས་མི་དང་ ཟ་ཆས་མིན་པའི་རིགས་ཚུ་ སྤྱི་ཟླ་༤ པ་དང་ཕྱདཔ་ད་ བརྒྱ་ཆ་༠.༡༧ གྱི་རྩིས་ ཡར་འཛེགས་ཡོདཔ་ཨིན་པས།
ནང་འཁོད་ལས་ཐོན་མི་ ཐོན་སྐྱེད་དང་ ཞབས་ཏོག་གི་རིགས་ཚུ་དང་ཕྱདཔ་ད་ ནང་འདྲེན་འབད་མི་ཚུ་ལུ་ མཐོ་སུ་ཡོད་མི་དེ་ཡང་ ཟ་ཆས་ཀྱི་རིགས་ཚུ་ལུ་འབད་བ་ཅིན་ བརྒྱ་ཆ་༦.༤༩ དང་ ཟ་ཆས་མིན་པའི་རིགས་ཚུ་ བརྒྱ་ཆ་༡.༣༢ ཀྱིས་ ཡར་སེང་སོང་ནུག།
ཟླ་རིམ་བཞིན་གྱི་བར་ན་ དབྱེ་དཔྱད་བལྟ་བ་ཅིན་ སྤྱི་ཟླ་༤ པ་དང་ཕྱདཔ་ད་ བརྒྱ་ཆ་༠.༡༩ གིས་ ཡར་སེང་སོང་མི་དེ་ཡང་ ཟ་ཆས་མིན་པའི་རིགས་ནང་ བརྒྱ་ཆ་༠.༢༩ དང་ ཟ་ཆས་ཀྱི་རིགས་ཚུ་ བརྒྱ་ཆ་༠.༠༥ གིས་ ཡར་སེང་སོང་ནུག།
སྤྱི་ཟླ་༤ པའི་ནང་ གོང་ཚད་འཕར་ཚད་ མར་བབས་སོང་བའི་ཤུལ་ལས་ ནང་འཁོད་ལས་ཐོན་མི་ ཅ་དངོས་དང་ཞབས་ཏོག་གི་གོང་ཚད་ཚུ་ བརྒྱ་ཆ་༠.༠༣ གྱིས་ ཡར་སེང་སོང་མི་དེ་ཡང་ ཟ་ཆས་རིགས་ཀྱི་གོང་ཚད་ བརྒྱ་ཆ་༠.༠༩ གིས་ ཡར་སེང་སོང་ཡོད་རུང་ ཅ་དངོས་མིན་པའི་རིགས་ལུ་ བསྒྱུར་བཅོས་མེདཔ་ཨིན་པས།
ཟླཝ་དེ་ནང་ སྐྱ་ནམ་གྱི་གོང་ཚད་ བརྒྱ་ཆ་༠.༣༤ ཡར་སེང་སོང་ཡོད་མི་དེ་ཡང་ ཅ་དངོས་མིན་པའི་རིགས་ཀྱི་གོང་ཚད་ བརྒྱ་ཆ་༠.༥༨ ཀྱིས་ཡར་སེང་སོང་ཡོད་རུང་ ཟ་ཆས་ཀྱི་གོང་ཚད་དེ་ བརྒྱ་ཆ་༠.༠༡ ལས་མ་གཏོགས་ ཡར་སེང་མ་འགྱོ་བའི་ཁར་ ཟ་ཆས་མིན་པའི་རིགས་ཀྱི་གོང་ཚད་ ཡར་སེང་འགྱོ་མི་དེ་ཡང་ གཙོ་བོ་ར་ ས་སྣུམ་གྱི་གོང་ཚད་ ཡར་སེང་འགྱོ་མི་ལུ་བརྟེན་ཨིན་པས།
གནས་སྡུད་དེ་ཡང་ ཡིག་ཚང་གིས་ ཟླ་རིམ་བཞིན་དུ་ སྐྱ་ནམ་དང་གོ་ལའི་ཚོང་འབྲེལ་འཐབ་མི་ ཚོང་ཁང་ཚུ་ནང་ལས་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ཨཱེབ་མཐུན་རྐྱེན་ཚུ་ ལག་ལེན་འཐབ་སྟེ་ བསྡུ་སྒྲིག་འབད་བའི་ཤུལ་ལས་ གནས་སྡུད་བསྡུ་སྒྲིག་འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *