འཐབ་འཛིང་འབད་མི་ཕོ་སྐྱེས་༣ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ།

༉ མི་སྡེ་བརྡ་བརྒྱུད་ཕེས་བུག་ནང་ ཕོ་སྐྱེས་སྡེ་ཚན་༢ འཐབ་འཛིང་འབད་དེ་ གཅིག་གིས་གཅིག་ལུ་ རྡོ་བླུགས་བྱིན་མིའི་གནད་དོན་དེ་ ཐིམ་ཕུག་ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་བྱུང་ཡོདཔ་ད་ དེ་ནང་འབྲེལ་བ་ཡོད་མི་ ཕོ་སྐྱེས་༣ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

གནད་དོན་དེ་ཡང་ ཐིམ་ཕུག་ཚོད་བསྲེ་ཁྲོམ་གྱི་ཉེ་འདབས་ལུ་ ཟ་ཁང་ཅིག་ནང་ བཞེས་སྒོ་བཟའཝ་དང་འབྲེལ་ ཆང་འཐུང་པའི་ཤུལ་ལུ་ ཕོ་སྐྱེས་སྡེ་ཚན་༢ ཀྱི་བར་ན་ ཁ་ཤགས་དུམ་གྲ་ཅིག་ ཐོན་པའི་ཤུལ་ལུ་ བྱུང་ཡོདཔ་སྦེ་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༢༠ གི་ ནུབ་མོའི་ཆུ་ཚོད་༡༠ དང་སྐར་མ་༣༥ དེ་ཅིག་ཁར་ ས་གནས་ཀྱི་ མི་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ ས་གནས་ནང་ ཆུ་ཚོད་༡༠ དང་སྐར་༤༠ དེ་ཅིག་ལུ་ ལྷོད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ འཐབ་འཛིང་འབད་སར་ མཐོང་མི་དང་ འབྲེལ་བ་ཡོད་མི་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཕོ་སྐྱེས་སྡེ་ཚན་༢ ཀྱི་བར་ན་ ཟ་ཁང་ནང་སྦེ་ ཁ་ཤགས་རྐྱབ་པའི་ཤུལ་ལུ་ ཟ་ཁང་གི་ ཇོ་བདག་ཨམ་དེ་གིས་ ཕྱི་ཁར་བཏོན་བཏང་ཡོདཔ་སྦེ་ ཨིན་པས།

དེ་ལས་ ཕྱི་ཁར་སོང་ཞིནམ་ལས་ སྡེ་ཚན་༢ ཀྱི་བར་ན་ འཐབ་འཛིང་བྱུང་སྟེ་ གཅིག་གིས་གཅིག་ལུ་ རྡོ་བླུགས་བྱིན་པའི་སྐབས་ མགུ་ཏོ་ཁར་ རྨ་སྐྱོན་ཚུ་ཡང་ བཏོན་ཡོདཔ་ཨིན་པས།

མི་སྡེ་བརྡ་བརྒྱུད་ ཕེས་བུཀ་ནང་ བཀོད་མི་དང་འཁྲིལཝ་ད་ ཉམས་རྒུདཔ་དེ་ དར་དཀར་ནང་ལས་ཨིནམ་ད་ ཁོ་ར་ སྐྱེས་ལོ་༢༨ ལང་ཡོདཔ་བཞིན་དུ་ ཐིམ་ཕུག་ལུ་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ འཐུས་ལེན་སྡོད་མི་ཅིག་ཨིན་པས།

དེ་བཟུམ་སྦེ་ རྡོ་བླུགས་མི་ དོགས་ཅན་ཕོ་སྐྱེས་དེ་ སྐྱེས་ལོ་༢༤ ལང་ཡོདཔ་ད་ ཁོ་ར་ཐིམ་ཕུག་གི་ ཤ་ཁང་ཅིག་ནང་ ལཱ་འབད་མི་ཨིན་པས།

འཐབ་འཛིང་འབད་བའི་སྐབས་ རྡོ་བླུགས་མི་ལུ་བརྟེན་ ཉམས་རྒུདཔ་ཕོ་སྐྱེས་དེ་གི་ མགུ་ཏོ་ཁར་ རྨ་ཁག་༢ བཏོན་ཡོདཔ་མ་ཚད་ དོགས་ཅན་ཕོ་སྐྱེས་དེ་གི་ མགུ་ཏོ་གུ་ཡང་ རྨ་བཏོན་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་ཅི།

གནད་དོན་དེ་གི་ཐད་ཁར་ དོགས་ཅན་དང་ ཁོ་གི་ཆ་རོགས་ དེ་ལས་ ཉམས་རྒུད་པའི་ཆ་རོགས་འབདཝ་ད་ ཁོང་༣ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཏེ་ཡོདཔ་ཨིན་པས།

དེ་ཚེ་ རྐྱེན་ངན་བྱུང་བའི་སྐབས་ དེ་ནང་འབྲེལ་བ་ཡོད་མི་ ཕོ་སྐྱེས་ཚུ་གིས་ ཚོད་བསྲེ་ཁྲོམ་ཁའི་ ཟ་ཁང་ཅིག་ནང་ལས་ ཆང་འཐུང་ཡོདཔ་ད་ རེས་གཟའ་ལྷགཔ་དེ་ ཆང་བཙོང་མ་ཆོག་པའི་ ཉིནམ་ཨིནམ་ལས་ ཆང་ཁང་དེ་གི་ ཆོག་ཐམ་ཚུ་ཡང་ ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་ཞིནམ་ལས་ ཚོང་འབྲེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

ཁོང་ཕོ་སྐྱེས་༣ ཆ་ར་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་ འོང་པའི་ལམ་ཁར་ ཆུ་འཛོམས་ལུ་ལྷོདཔ་ད་ སྣུམ་འཁོར་བརྟག་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོདཔ་ཨིན་པས།

ཕོ་སྐྱེས་༣ གྱི་གྲས་ལས་༡ སོ་ནམ་པ་དང་༡ སྣུམ་འཁོར་བོ་ལེ་རོ་གི་དེད་གཡོགཔ་ དེ་ལས་ གཞན་མི་དེ་ ལམ་འགྲུལ་པ་ཨིན་པས།

ཁོང་ཆ་ཁྱབ་ སྨྱོ་རྫས་བརྟག་དཔྱད་འབད་བའི་སྐབས་ དེད་གཡོགཔ་དེ་དང་ སོ་ནམ་པ་དེ་གིས་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ད་ ཁོང་༣ གྱིས་ སྨྱོ་རྫས་ཨིས་པེས་མོ་ ཀེབ་སུལ་༦༧༥ འབག་འོང་ཡོདཔ་སྦེ་ཨིན་པས།

སོ་ནམ་པ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མི་དང་འཁྲིལཝ་ད་ སྨྱོ་རྫས་ཨིས་པེས་མོ་དེ་ ཁོང་ར་ སྤྱོད་ནིའི་དོན་ལུ་ འབག་འོང་ཡོདཔ་སྦེ་ སླབ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྨྱོ་རྫས་ཀྱི་ གྱངས་ཁ་དང་འཁྲིལཝ་ད་ ནག་ཚོང་འཐབ་ནིའི་དོན་ལུ་ འབག་འོང་འོངམ་བཟུམ་ཅིག་ འདུག་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *