སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ཚུ།

འགྲམ་ཕུག་སློབ་གྲྭའི་ནང་ དམིགས་བསལ་ཤེས་ཡོན་དགོས་མཁོ་ལས་རིམ་ སྒོ་ཕྱེ་ཡོདཔ།

༉ ལོ་ལྔའི་འཆར་གཞི་༡༢ པའི་ ལས་སྣ་དང་འཁྲིལ་ ཤེས་རིག་ལྷན་ཁག་གིས་ ཁ་ཙ་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དམིགས་བསལ་ཤེས་ཡོན་དགོས་མཁོ་ལས་རིམ་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
ལས་རིམ་དེ་གིས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ་ ཕན་ཐོགས་ནི་དང་ སྤྱིར་བཏང་བཟུམ་སྦེ་ར་ ཤོས་ཡོན་ལྷབ་སྦྱང་འབད་ནིའི་ གོ་སྐབས་འདྲ་མཉམ་འཐོབ་ཚུགས་པའི་ རེ་བ་ཡོདཔ་ད་ ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དམིགས་བསལ་ཤེས་ཡོན་དེ་ བརྩི་མཐོང་བསྐྱེད་ནི་དང་ ངོས་ལེན་འབད་ནི་ དེ་ལས་ རྒྱབ་སྐྱོར་ཐོག་ ཨ་ལོ་ག་ར་ལུ་ ལྷབ་སྦྱང་འབད་ནིའི་ གོ་སྐབས་འདྲ་མཉམ་ཡོདཔ་ བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
འགྲམ་ཕུག་སློབ་གྲྭ་དེ་ནང་ བརྩི་མཐོང་ཆེ་བའི་ ཤེས་ཡོན་དང་ དམིགས་བསལ་གྱི་ ཤེས་ཡོན་ལས་རིམ་གཉིས་ཆ་ར་ཡོདཔ་ད་ ཤེས་རིག་གཙོ་འཛིན་ སངས་རྒྱས་ཆོས་འཕེལ་གྱིས་འབད་བ་ཅིན་ སློབ་གྲྭ་དེ་ རྫོང་ཁག་གི་སྦུག་ལུ་ ཆགས་ཡོད་ནི་དེ་གིས་ ལས་རིམ་དེ་ འགོ་བཙུགས་ཡོདཔ་བཞིན་དུ་ ཤེས་ཡོན་ཞབས་ཏོག་དེ་ མི་སྡེ་གིས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་བཟོཝ་ཨིན་ཟེར་ཨིན་པས།
དབང་པོ་སྐྱོན་ཅན་གྱི་ སྙན་ཞུ་དང་འཁྲིལཝ་ད་ རྩི་རང་རྫོང་ཁག་ནང་ ཨ་ལོ་སྐྱེས་ལོ་༢ ལས་༩ འི་བར་ན་ དབང་པོ་ལུ་ ཐོ་ཕོག་མི་ བརྒྱ་ཆ་༣༣ ཡོད་མི་དེ་ མཐོ་ཤོས་ནང་ ཚུདཔ་ཨིན་པས།
ཤེས་རིག་ལྷན་ཁག་གིས་ ག་ཚུད་ག་ཐོབ་སྦེ་ གནས་སྡུད་ཅིག་ བསྡུ་ལེན་འབདཝ་ད་ རྩི་རང་རྫོང་ཁག་གི་ སློབ་གྲྭ་ཚུ་ནང་ ཨ་ལོ་༦༢ དེ་ཅིག་ལུ་ དབང་པོ་ལུ་ ཐོ་ཕོག་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ དེ་ནང་ སློབ་ཕྲུག་༡༣ དེ་ཅིག་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ཤེས་རིག་གཙོ་འཛིན་གྱིས་འབད་བ་ཅིན་ རྫོང་ཁག་དེ་གི་ སློབ་གྲྭ་རེ་ལུ་ དབང་པོ་ལུ་ ཐོ་མ་འདྲཝ་ཕོག་མི་ ཨ་ལོ་༥ དང་༦ གི་བར་ན་ཡོད་མི་ཚུ་ནང་ལས་ མང་ཤོས་ར་ ཤེས་ཡོན་ལྷབ་སྦྱང་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ དམིགས་བསལ་ཤེས་ཡོན་དགོས་མཁོ་ལས་རིམ་ དང་པ་ར་ དབང་འདུས་ཕོ་བྲང་བསམ་གཏན་སྒང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སྒོ་ཕྱེ་བའི་ཤུལ་ལས་ རྩེ་རིང་ལུ་ སྒོ་ཕྱེ་མི་དེ་ སློབ་གྲྭ་གཉིས་པ་ཨིན་པས།
ད་རེས་ནངས་པར་ སློབ་གྲྭ་དེ་གཉིས་བརྩིས་ཏེ་ རྒྱལ་ཁབ་ནང་ དམིགས་བསལ་ཤེས་ཡོན་ལས་རིམ་ཡོད་མི་ སློབ་གྲྭ་༡༨ ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ ལྷན་ཁག་གིས་ ད་རུང་ སློབ་གྲྭ་༡༠ དེ་ཅིག་ནང་ དམིགས་བསལ་ཤེས་ཡོན་ལས་རིམ་་འགོ་བཙུགས་ནི་གི་ ལས་འཆར་ཡོདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་གོང་འཕེལ་ལྟེ་བ་དང་ དམིགས་བསལ་ཤེས་རིག་སྡེ་ཚན་གྱི་གཙོ་འཛིན་ ཤེས་རབ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཤེས་རིག་ལྷན་ཁག་གི་ འགན་དབང་༡ དབང་པོ་ལུ་ ཐོ་ཕོག་མི་ སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་དང་ ཞབས་ཏོག་བྱིན་ནི་དེ་ཨིན་ཟེར་ཨིན་པས།
ང་བཅས་ཀྱི་ འཆར་གཞི་དེ་ དབང་པོ་སྐྱོན་ཅན་གྱི་ ཨ་ལོ་ཆ་མཉམ་ར་ སྤྱིར་བཏང་སློབ་གྲྭ་ལམ་ལུགས་ནང་ ཤེས་ཡོན་སྦྱང་བཅུག་ཐོག་ལས་ ཁོང་རའི་རིག་སྟོབས་དང་ ལྕོགས་གྲུབ་གོང་འཕེལ་གཏང་འོང་ཟེར་ཨིན་པས།
ལྷན་ཁག་གིས་ དམིགས་བསལ་ཤེས་ཡོན་སློབ་སྟོན་འབད་ནིའི་དོན་ལུ་ སློབ་དཔོན་ཚུ་ལུ་ དུས་ཐུང་གི་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ ཡུ་ནི་སེཕ་གིས་ མ་དངུལ་དང་ ཐབས་རིག་གི་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *