ལྷ་མོའི་རྫིང་ཁ་འཁོར་ལམ།

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས།

དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས།

ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ ལྷོད་ཚུགས་ཟེར་བའི་ ལོ་རྒྱུས་ཡོད་རུང་ ཁྲོམ་དེ་ནང་འགྱོ་ནིའི་དོན་ལུ་ དར་དཀར་དཔལ་ལ་- དལ་བ་རི་གཞུང་ལམ་ལས་ འགྱོ་དགོཔ་ད་ ཤུལ་མའི་ཟླཝ་ནང་ གཞུང་ལམ་དེ་ བསལ་ཚརཝ་ད་ ས་གནས་ཀྱི་མི་ཚུ་ལུ་ ཕན་ཁྱད་འབྱུང་ནི་ཨིན་པས།

དར་དཀར་ནང་གི་ མགོ་གསར་གླིང་ཚུན་འགྱོཝ་ད་ མི་ཚུ་སྡོད་སའི་ས་ཁོངས་ནང་ལས་ཕར་ འགྲོ་འགྲུལ་འབད་དོ་བཟུམ་མའི་ཚོར་སྣང་བྱུངམ་ཨིན་རུང་ དེ་ཁར་ལས་འགོ་བཙུགས་ ཉེན་ཁ་ཅན་གྱི་ས་ཁོངས་ནང་ལས་ཕར་ འགྱོ་དགོཔ་ལས་ རང་རྐྱངམ་གཅིག་སྦེ་ འགྲོ་འགྲུལ་འབད་ནི་དེ་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།

ལམ་དེ་བདའ་སྟེ་ མི་སྡོད་མི་ རེ་གཉིས་མ་གཏོགས་ མང་ཤོས་ར་ མཇུག་བསྡུ་ནི་མེད་པའི་ གཞུང་ལམ་བཟུམ་སྦེ་ཡོདཔ་ད་ དར་དཀར་དཔལ་ལ་ལས་ དལ་བ་རི་ལུ་ མཐུད་སྦྲེལ་འབད་མི་ལམ་དེ་ ད་ལྟོ་ཡང་ མཇུག་མ་བསྡུ་བར་ཡོདཔ་ད་ ད་ལྟོ་ ལམ་དེ་གི་ ས་གོ་ཁག་༤ ནང་ ཟམ་ཚུ་རྐྱབ་པའི་བསྒང་ཡོདཔ་ཨིན་པས།

བྱག་གི་འོག་ལུ་ ལམ་བསལ་མི་ ལས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་ཟེར་སླབ་ཨིན་རུང་ འགྲོ་འགྲུལ་འབད་མི་ཚུ་གིས་ གནམ་བྱཱར་ལུ་བྲེས་མི་ གཙང་ཆུ་༤ བརྒལ་ཏེ་འགྱོ་དགོཔ་ཨིན་པས།

ཤ་མར་ཆུའི་གུ་ལས་ ཟམ་རྐྱབ་པའི་བསྒང་ཡོད་མི་དེ་ ཕྱོགས་གཅིག་ལས་ མེདཔ་ཐལ་ཡོདཔ་ལས་ ཟམ་དེ་ བརྒལ་འགྱོ་མི་ཚུ་ དོན་ཧིང་སྦོམ་དགོཔ་ཨིན་པས།

ལས་མི་དག་པ་ཅིག་གིས་ འཁོར་ལམ་གྱི་ཟུར་ཁ་ལས་ཕར་ གཡུར་བ་བཟོ་དོ་ཡོདཔ་ད་ ལས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུར་བ་མེད་པ་ཅིན་ རྩི་ནག་ཚུ་ ཆུ་གིས་འཕྱགས་བདའ་ནི་འདུག་ཟེར་ཨིན་པས།

འཁོར་ལམ་དེ་བདའ་སྟེ་ སྣུམ་འཁོར་འགྲོ་འགྲུལ་འབད་མི་དཀོན་པའི་ཁར་ འཁོར་ལམ་བདའ་སྟེ་ ས་བརྐོ་ཡོད་པའི་ ས་གོ་དག་པ་ཅིག་མེད་པ་ཅིན་ ལམ་དེ་ག་ར་ ནགས་ཚལ་ནང་ལས་ཕར་ ཨིན་པས།

རྫོང་ཁག་དེ་ མཐའ་ཟུར་ཅིག་སྦེ་ ཆ་བཞག་པའི་ཁར་ ཆང་འཐུང་མི་དང་ དབུལ་ཕོངས་ཀྱི་དཀའ་ངལ་ མཐོ་ཤོས་ཡོད་པའི་ཁར་ རྫོང་ཁག་ནང་ སེམས་ཅན་སྣ་ཚོགས་མཐོང་ཚུགསཔ་ཨིན་པས།

དེ་བཟུམ་སྦེ་ ཚལ་མ་ནང་ལས་ཕར་ མི་དག་པ་རེ་ མཐོང་ཚུགསཔ་ཨིན་རུང་ དེ་ཁར་འགྱོ་མི་ཚུ་གིས་ མི་དེ་ཚུ་ལུ་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་མེདཔ་ཨིན་ན་ཟེར་བའི་ མནོ་བསམ་ཡང་ བཏང་དགོཔ་བྱུངམ་ཨིན་པས།

ཨིན་རུང་ ས་ཁོངས་དེ་ནང་ མི་ཚུ་གིས་ ཤུལ་ལས་རྐྱངམ་གཅིག་ གཞི་ཆགས་ནི་ འགོ་བཙུགས་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་ཡོད་རུང་ འཁྱམས་ས་ལས་ བདའ་གཏང་ནིའི་དོན་ལུ་ ནི་ཅུ་ལ་རྒེད་འོག་གིས་ མི་མང་སུ་སྦེ་ གཞི་ཆགས་པར་ འོང་ནིའི་རེ་བ་བསྐྱེདཔ་ཨིན་པས།

དྲུང་ཁག་དེ་ནང་ གླངམོ་ཆེ་དང་ མི་གི་བར་ན་ དཀའ་ངལ་བྱུང་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ སེམས་ཅན་དེ་གིས་ འཕྲལ་འཕྲལ་སྦེ་ར་ མི་ལུ་གནོདཔ་རྐྱབ་དོ་ཡོདཔ་ཨིན་པས།

ལྡིའུ་ར་ལི་གཡུས་ཚན་དེ་ མིང་དང་དོན་མཐུནམ་སྦེ་ ས་ཆ་སྒང་ཏོ་ཅིག་གུ་ཆགས་ཏེ་ཡོདཔ་ད་ དེ་ཁར་ལྷོདཔ་ད་ ཀི་ལོ་མི་ཊར་ ༡༥༠ འབད་མི་ལམ་དེ་ མཇུག་བསྡུཝ་ཨིན་རུང་ ད་རུང་ འགྱོ་དགོ་པའི་ཁར་ རྩི་ནག་བཏང་མི་འཁོར་ལམ་དེ་ ཧང་སྟོང་མར་མཇུག་བསྡུཝ་ཅིག་ ལམ་རྒྱ་གྲམ་ཅིག་ནང་ལྷོདཔ་ད་ བརྡ་བྱང་ག་ནི་ཡང་མེདཔ་ལས་ ལམ་འཛོལ་ཏེ་ ཀརྨ་གླིང་རྒེད་གི་ འཁོར་ལམ་བདའ་སྟེ་སོང་ནུག།

ལྷ་མོའི་རྫིང་ཁ་གི་ འཁོར་ལམ་དེ་ཡང་ དེ་བ་དྲགཔ་ཅིག་མེད་པའི་ཁར་ རྩི་ནག་མ་བཏང་པར་ཡོདཔ་ད་ ཁྲོམ་ཁར་མ་ལྷོད་པའི་ ཧེ་མར་ གཙང་ཆུ་༤ བརྒལ་འགྱོ་དགོ་པའི་ཁར་ ལམ་དེ་ སྣུམ་འཁོར་བོ་ལི་རོ་ཚུ་གིས་རྐྱངམ་གཅིག་ འགྱོ་ཚུགསཔ་ཨིན་པས།

ལྷོ་མོའི་རྫིང་ཁ་དེ་ དཔལ་ལྡན་ལྷ་མོ་ལས་ རྟ་དྲངས་ཏེ་ མིང་བཏགས་ཡོདཔ་ལས་ བྱིན་རླབས་ཅན་གྱི་ས་གནས་ཅིག་སྦེ་ ཆ་བཞག་དོ་ཡོདཔ་ཨིན་པས།

བླ་མི་ནི་དང་ མཚོ་ཡོད་སའི་རི་དེ་ཡང་ མནྜལ་བཟུམ་སྦེ་མཐོང་པའི་ཁར་ ས་གཏེར་རིག་པ་ཚུ་གིས་ ས་ཆ་དེ་ནང་ གཏེར་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

ཀི་ལོ་མི་ཊར་༤ དེ་ཅིག་འགྱོཝ་ད་ ལྷ་མོའི་རྫིང་ཁའི་ཁྲོམ་ཁར་ལྷོདཔ་ད་ ལམ་བདའ་སྟེ་ རྡོག་མ་ཤིང་གིས་གང་སྟེ་ཡོདཔ་སྦེ་མཐོང་བའི་ཁར་ ས་ཆ་དེ་ རྡོག་མ་གི་ཚང་ཨིན་པས།

ཁྲོམ་རྙིངམ་དེ་ བརྡལ་གཤིག་བཏང་ཚར་ཡོདཔ་བཞིན་དུ་ ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སཱུན་ཀོཤ་ལས་འགུལ་དེ་ འགོ་བཙུགས་ནི་ཨིནམ་ལས་ ཁྲོམ་གྱི་གོང་འཕེལ་ལཱ་ཚུ་ཡང་ མཚམས་འཇོག་འབད་ཡོདཔ་སྦེ་ སླབ་ཨིན་པས།

མི་ཚུ་གི་སེམས་ཁར་ ལས་འགུལ་དེ་གིས་ ཁོང་གི་དཀའ་ངལ་ཚུ་ བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་རུང་ ལས་འགུལ་དེ་འགོ་མ་བཙུགས་པར་ཡོདཔ་ལས་ དཀའ་ངལ་ནང་ར་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།

ད་རེས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ གློག་མེ་ཡང་ བརྟན་ཏོག་ཏོ་ཅིག་མེདཔ་ད་ གློག་མེ་བཀྲམ་སྤེལ་འབད་ཡོད་རུང་ འཕྲལ་འཕྲལ་སྦེ་ར་ གནག་དུང་ནང་ སྡོད་དགོཔ་བྱུང་དོ་ཡོད་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *