པར་ཆས་སི་སི་ཊི་བི་ཚུ་ བཙུགས་ཏེ་ཡོད་པའི་ འགྲམ་ཕུག་ཁྲོམ།

འགྲམ་ཕུག་ཁྲོམ་ ཧིང་སངས་ས་ བཞག་ཐབས་ལུ་ པར་ཆས་སི་སི་ཊི་བི་༧ བཙུགས་ཡོདཔ།

༉ འགྲམ་ཕུག་ཁྲོམ་ ཧིང་སངས་ས་དང་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ལུ་ ཁྲོམ་སྡེ་ཡིག་ཚང་གིས་ ཁྲོམ་སྡེ་ལྟེ་བའི་ནང་ལས་ཕར་ པར་ཆས་སི་སི་ཊི་བི་༧ དེ་ཅིག་ གཙུགས་ཡོདཔ་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ ཚེ་དབང་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ པར་ཆས་བཙུགས་དགོ་མི་དེ་ཡང་ ཁྲོམ་སྡེ་ནང་ ཕྱགས་སྙིགས་བཀོག་མི་ཚུ་ ལྟ་རྟོག་འབད་ནི་དང་ བདའ་ཟུན་མི་ཚུ་ལུ་ ཉེན་བརྡ་བྱིན་ནི་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་ཚོང་པ་དང་ འགྲོ་འགྲུལ་འབད་མི་ ས་གནས་ཁར་སྡོད་མི་ དེ་ལས་ ཚོང་མགྲོན་པ་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཏངམ་མས་ཟེར་ཨིན་པས།
ད་རེས་ རྩི་རང་ཁྲོམ་སྡེ་ནང་འཁོད་ཀྱི་ བཙོག་གཡུར་ཚུ་ ཕྱགས་སྙིགས་ཀྱིས་ བསུབས་ཏེ་ཡོདཔ་མ་ཚད་ ཕྱགས་སྙིགས་ཚུ་ མི་ལམ་དང་ ས་ཁོངས་ནང་ལས་ཕར་ སྣང་བ་གང་ཤར་སྦེ་ བཀོགཝ་མས་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཡོདཔ་ད་ མ་གཞི་ ཞབས་ཏོག་ཚུ་ ལེགས་བཅོས་འབད་རུང་ ལ་ལོ་ཅིག་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་སར་ བཀོག་བཞིན་དུ་འདུག་ཟེར་ཨིནམ་ད་ གལ་སྲིད་ པར་ཆས་ཀྱིས་ བདའ་ཟུན་པ་ཅིན་ ཉེས་བྱ་ཚུ་ དམ་དམ་སྦེ་ར་ བཀལ་ནི་ཨིན་ཟེར་ཨིན་པས།
ཉེས་བྱ་དེ་ཡང་ གནས་སྟངས་དང་འཁྲིལ་ཏེ་ ཡར་སེང་འབད་ནི་ཨིན་ཟེར་ཨིནམ་ད་ ད་རེས་ནངས་པར་ རྩི་རང་ལུ་ སྟབས་མ་བདེཝ་སྦོམ་ཤོས་ར་ མི་ཚུ་གིས་ ཆབ་གསང་ཚུ་ ག་ལྷོད་བཏང་མི་དེ་ཨིན་ཟེར་ ཚེ་དབང་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་བཱསི་བཞག་ས་དང་ གླ་འཁོར་བཞག་ས་ལས་ཕར་ ཆབ་གསང་ག་ལྷོད་བཏངམ་ལས་ དྲིམ་གྱིས་འབད་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ ས་གནས་ཐདམ་ཐད་ཁར་ གསང་སྤྱོད་རྐྱབ་བཞག་རུང་ མི་ཚུ་གིས་ ཤེས་བཞིན་དུ་ ག་ལྷོད་སར་ བཏངམ་མས་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ཁྲོམ་ནང་ པར་ཆས་ཚུ་ མ་བཙུགས་པའི་ཧེ་མར་ ཚོང་པ་དང་ ཁྲོམ་སྡེ་ནང་ སྡོད་མི་ཚུ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ ས་གནས་ཁག་ཚུ་ནང་ པར་ཆས་ཚུ་ བཙུགས་ཡོད་པའི་ ཉེན་བརྡ་ཚུ་ཡང་ འབད་ནི་ཨིན་པས།
ད་རེས་ རྩི་རང་རྫོང་ཁག་བདག་སྐྱོང་གིས་ ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་ར་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ ན་ཧིང་ལས་ འགོ་བཙུགས་ཏེ་ ཟླཝ་འདི་གི་ རེས་གཟའ་ཉི་མ་ཨ་རྟག་ར་ ཕྱགས་བདར་རྐྱབ་ནིའི་ལས་རིམ་ འགོ་བཙུགས་ཡོདཔ་བཞིན་དུ་ ཕྱགས་བདར་ལས་རིམ་དེ་ཡང་ རྫོང་ཁག་གིས་མ་དོ་བར་ རྒེད་འོག་ཚུ་ནང་ཡང་ འབད་དོ་ཡོདཔ་ཨིན་པས།
འགྲམ་ཕུག་ཁྲོམ་སྡེ་གིས་ ཁྲོམ་གྱི་ས་ཁོངས་ནང་ ཕྱགས་སྙིགས་ག་ལྷོད་བཀོག་མི་དང་ ཁྲིམས་འགལ་ཐོག་ལས་ ཁྱིམ་རྐྱབ་མི་ཚུ་ དུས་རྒྱུན་ལྟ་རྟོག་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ཁྲོམ་སྡེ་ལྟེ་བ་ཚུ་ནང་ ཕྱགས་སྙིགས་ལྟ་རྟོག་འབད་ནི་ལུ་ ཉུང་ཤོས་ར་ པར་ཆས་༥ དེ་ཅིག་ བཙུགས་དགོཔ་འདུག་ཟེར་ ཚེ་དབང་བསྟན་འཛིན་གྱིས་ བཤད་ཡོདཔ་ད་ ཨིན་རུང་ ཁྲོམ་སྡེ་གིས་ འཆར་དངུལ་མེད་མི་ལུ་བརྟེན་ མཁོ་སྒྲུབ་འབད་མི་བཏུབ་པས་ཟེར་ཨིན་པས།
ད་རེས་ པར་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་༦༠༠,༠༠༠ ཟད་འགྱོ་བཏང་ཡོདཔ་བཞིན་དུ་ ཁྲོམ་སྡེ་ནང་ ཆབ་གསང་གི་ དྲི་ངན་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ ད་རེས་ ཁང་ཚན་༥ འབད་མི་ མི་མང་གསང་སྤྱོད་ཅིག་ཡང་ རྐྱབ་སྟེ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *