བཀྲམ་སྤེལ་བ་༣ གྱིས་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་བསྡོམས་༥༣༨ དེ་ཅིག་ བཙོང་ཡོདཔ་ཨིན་མས།

ཟླ་༤ གི་ནང་འཁོད་ལུ་ མེ་རླུང་གེསི་རྒྱ་རྫི་༢༠༠ དེ་ཅིག་ རྩིས་སྤྲོད་འབད་ཡོདཔ།

༉ ད་ཚུན་གྱི་རིང་ ཐིམ་ཕུག་གི་ ཚོང་འགྲོན་པ་ཚུ་གིས་ གོང་ཚད་ཕབ་ཆག་ཐོག་གི་ མེ་རླུང་གེསི་རྒྱ་རྫི་༢༠༠ ལྷགཔ་ཅིག་ ལག་ལེན་འཐབ་པའི་ཤུལ་ལས་ ལོག་རྩིས་སྤྲོད་འབད་མི་དེ་ འཕྲལ་ཁམས་ཅིག་ཁར་ ཧཱ་རྫོང་ཁག་གི་ རྒེད་འོག་༢ ནང་ བགོ་བཀྲམ་འབད་ནུག།
ཨེལ་པི་ཇི་རྒྱ་རྫི་ཚུ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ གསང་སྦས་ཁ་དང་ དགའ་སྐྱིད་གླིང་རྒེད་འོག་གི་ མི་སེར་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ཕབ་ཆག་མེད་པའི་གེསི་ཚུ་ འགོ་འབྱེད་འབད་བའི་ཤུལ་ལས་ ས་སྣུམ་བཀྲམ་སྤེལ་ཁང་ནང་ ལོག་སྤྲོད་མི་ རྒྱ་རྫི་ཚུ་ཨིན་པས།
ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ཡང་ རྒྱལ་ཁབ་ནང་ དམིགས་བསལ་དུ་ གྲོང་གསེབ་གཡུས་ཚན་ཚུ་ནང་ མཁོ་འདོད་འགྲུབ་ཐབས་ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ལུང་ཕྱོགས་ཀྱི་ ཚོང་དང་བཟོ་གྲྭའི་ མདོ་ཆེན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཕབ་ཆག་ཡོད་པའི་ གེསི་ཚུ་ཡང་ ཧཱ་གསང་སྦས་ཁ་དང་ དགའ་སྐྱིད་གླིང་རྒེད་འོག་༢ པོ་དེ་ ལུང་ཕྱོགས་ཀྱི་ ས་ཁོངས་ནང་ ཚུད་མི་ལུ་བརྟེན་ བགོ་བཀྲམ་འབད་ཡི་ཟེར་ཨིནཔས།
ཁོ་གིས་འབད་བ་ཅིན་ ད་ལས་ཕར་ གལ་སྲིད་མི་ཚུ་གིས་ ཕབ་ཆག་ཡོད་པའི་ གེསི་རྒྱ་རྫི་ཚུ་ རྩིས་སྤྲོད་འབད་བ་ཅིན་ རྒེད་འོག་གཞན་ཚུ་ལུ་ བགོ་བཀྲམ་འོང་ཟེར་ཨིནམ་ད་ ཤུལ་མ་བགོ་བཀྲམ་འབད་ནི་ཨིན་མི་ རྫོང་ཁག་དེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ད་རེས་ ཐིམ་ཕུག་ལུ་ གོང་ཚད་ཕབ་ཆག་ཡོད་མི་ གེསི་རྒྱ་རྫི་ཚུ་ སོར་བའི་སྐབས་ དངུལ་ཀྲམ་༥༣༧ རེ་ཨིན་པའི་ཁར་ ཕབ་ཆག་མེད་པའི་ གེསི་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༡,༦༥༠ རེ་ སླབ་དོ་ཡོདཔ་ད་ གེསི་རྒྱ་རྫི་རེ་ཉོཝ་ད་ ཉེན་སྲུང་གི་འཐུས་དངུལ་ཀྲམ་༡,༤༥༠ དང་ ཕབ་ཆག་མེད་པའི་ རྒྱ་རྫི་འབད་བ་ཅིན་ དངུལ་ཀྲམ་༡,༦༥༠ རེ་ སྤྲོད་དགོཔ་ཨིན་པས།
ཕབ་ཆག་མེད་མི་ རྒྱ་རྫི་ཚུ་ འགོ་འབྱེད་འབད་བའི་ཤུལ་ལས་ རྒྱ་རྫི་༢༠༠ དེ་ཅིག་ འབྲུག་ས་སྣུམ་བཀྲམ་སྤེལ་ལུ་ ལོག་རྩིས་སྤྲོད་འབད་ཡོད་པའི་ཁར་ རྒྱ་རྫི་༨ འབྲུག་པེ་ཊོལ་ལི་ཡཱམ་ལས་འཛིན་གྱི་ ས་སྣུམ་བཀྲམ་སྤེལ་ཁང་ལུ་ སྤྲོད་ཡོདཔ་ཨིན་པས།
ས་སྣུམ་བཀྲམ་སྤེལ་ཁང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ མ་གཞི་ མི་ཚུ་གིས་ གོང་ཚད་ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་འབག་འགྱོ་དོ་ཡོད་རུང་ དག་པ་ཅིག་གིས་ ཕབ་ཆག་ཡོད་པའི་ རྒྱ་རྫི་ཚུ་ཡང་ ལོག་སྤྲོདཔ་མས་ཟེར་ཨིན་པས།
ད་ཚུན་ ས་སྣུམ་བཀྲམ་སྤེལ་ཁང་གིས་ ཕབ་ཆག་མེད་པའི་ རྒྱ་རྫི་༥༣༨ དེ་ཅིག་ བཙོང་ཡོདཔ་ད་ ལུང་ཕྱོགས་མདོ་ཆེན་གྱིས་ སླབ་མིའི་ནང་ མི་ཚུ་གིས་ བཀྲམ་སྤེལ་ཁང་ཚུ་ལས་ ཕབ་ཆག་མེད་པའི་རྒྱ་རྫི་ཚུ་ འབག་དོ་ཡོད་རུང་ ཕབ་ཆག་ཡོད་པའི་ རྒྱ་རྫི་ཚུ་ ལོག་སྤྲོད་མི་བཏུབ་པས་ཟེར་ཨིན་པས།
ང་བཅས་ཀྱིས་ གོ་དོ་བཟུམ་འབད་བ་ཅིན་ རྒྱ་རྫི་ཚུ་ བཀྲམ་སྤེལ་ཁང་ནང་ རྩིས་སྤྲོད་མ་འབད་བར་ གྲོང་གསེབ་གཡུས་ཁ་ལས་ཕར་སྡོད་མི་ རང་སོའི་སྤུན་ཆ་ཚུ་ལུ་ བྱིན་ཡོད་པའི་ལོ་རྒྱུས་གོཝ་མ་ཚད་ མིག་ཏོ་གིས་ཡང་ མཐོང་ཅི་ཟེར་ ལུང་ཕྱོགས་མདོ་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
ད་རེས་ བསྟན་རྒྱས་ལྷན་ཁག་གིས་ ལས་འཛིན་དང་ གཙུག་སྡེ་ དེ་ལས་ ལྷན་ཁག་གི་ འགོ་དཔོན་ཚུ་ ཕབ་ཆག་མེད་པའི་ རྒྱ་རྫི་ཚུ་ལག་ལེན་འཐབ་སྟེ་ ཕབ་ཆག་ཡོད་པའི་རྒྱ་རྫི་ཚུ་ ལོག་སྤྲོད་དགོཔ་སྦེ་ སེམས་ཤུགས་བསྐྱེད་བཅུག་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ སྨན་ཁང་ཚུ་ལུ་ ཕབ་ཆག་མེད་པའི་རྒྱ་རྫི་དེ་ ལག་ལེན་འཐབ་དགོཔ་སྦེ་ སླབ་པའི་ཤུལ་ལས་ འདས་པའི་ཟླཝ་ནང་ལས་ སྨན་ཁང་ཚུ་གིས་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་འདུག་ཟེར་ མདོ་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་གིས་འབད་བ་ཅིན་ མི་ཚུ་གིས་ མེ་རླུང་རྒྱ་རྫི་གི་ ཞབས་ཏོག་ལེན་ནིའི་དོན་ལུ་ ཤོག་འཛིན་དེ་ ཡོངས་འབྲེལ་ཐོག་ལས་ ལེན་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་དོ་ཡོདཔ་ཨིན་པས།
མ་གཞི་ ལྷན་ཁག་གིས་ ཤོག་འཛིན་གྱི་ལམ་ལུགས་དེ་ དུས་ཅི་ སྤྱི་ཟླ་དང་པ་ལས་ འགོ་བཙུགས་ཡོད་རུང་ ད་ལྟོ་ མི་སེར་ཚུ་གིས་ དེའི་སྐོར་ལས་ཤེས་མི་ མངམ་མེདཔ་ལས་ ཤོག་བྱང་དང་ ཤོག་འཛིན་༢ ཆ་ར་ ལེན་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ད་རེས་ འགྲུལ་འཕྲིན་མོ་བ་ཡཱལ་ཐོག་ལས་ མེ་རླུང་རྒྱ་རྫི་ལེན་མི་ གངམ་མེདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *