ཞི་གཡོག་ཆུང་ཀུ་སྦེ་ སྒྲིང་སྒྲི་བཞག་ནི་ལུ་གདོང་ལེན།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༧-༢༠༡༨ ཅན་མའི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ གཞུང་གི་ལས་སྡེ་མངམ་ གཞི་བཙུགས་འབད་མི་ལུ་བརྟེན་ ཞི་གཡོག་ཆུང་ཀུ་དང་ སྒྲིང་སྒྲི་ དེ་ལས་ འཇོན་ཐངས་ཅན་བཞག་ནི་ལུ་ གདོན་ལེན་སྦོམ་བྱུངམ་མས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པ་ཚུན་ལུ་ ཁག་འབག་ཐོག་ཡོད་མི་ ལས་བྱེདཔ་༣,༡༩༥ བརྩིས་ཏེ་ རྒྱལ་ཁབ་ནང་ ཞི་གཡོགཔ་༢༨,༩༧༣ ཡོདཔ་ཨིན་པས།
ཞི་གཡོགཔ་དང་ མི་རློབས་ཀྱི་ཆ་ཚད་ ཞི་གཡོགཔ་རེ་ལུ་ མི་སེར་༢༥ རེ་ ཁྱབ་མི་དེ་ རྒྱལ་ཁབ་གཞན་གྱི་ ཆ་ཚད་དང་ཕྱདཔ་ད་ ལེ་ཤ་གིས་ མང་དོ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ གཞུང་གི་འགན་དབང་ ཡར་སེང་འགྱོ་མི་དེ་ཡང་ དཔེར་ན་ མ་གཞི་ ཨ་ལོ་གཅེས་སྐྱོང་ལྟེ་བ་དང་ གཅེས་སྐྱོང་འཐབ་མི་ བྱིན་དགོཔ་ཨིན་རུང་ རྫོང་ཁག་ཚུ་ནང་ཡོད་པའི་ གཅེས་སྐྱོང་ལྟེ་བ་༢༧༣ ནང་ གཅེས་སྐྱོང་འཐབ་མི་༡ ལུ་ ཨ་ལོ་༡༥ རེ་ ཁྱབ་མས་ཟེར་ཨིན་པས།
རྒྱལ་ཡོངས་ཀྱི་ ཆ་ཚད་དང་འཁྲིལཝ་ད་ མགར་ས་ལུ་ ཞི་གཡོགཔ་དང་ མི་རློབས་ཀྱི་ཆ་ཚད་༡ དང་༡༤ ཨིན་མི་དེ་ མཐོ་དྲགས་ཨིན་པས།
གདོང་ལེན་གཞན་ གཙུག་སྡེ་ཚུ་དང་འབྲེལ་བའི་ བཅའ་ཁྲིམས་སོ་སོ་ལུ་བརྟེན་ དགོས་མཁོ་ཅན་གྱི་ གོ་གནས་ཡར་དྲག་འགྱོ་མི་དང་ ལས་དོན་འཛིན་སྐྱོང་སྐྱོ་དྲགས་ གཅིག་དབང་ཚོང་ལས་ཀྱི་སྤྱོད་པ་ དེ་ལས་ དངུལ་འབྲེལ་གྱི་གནོད་པ་ཚུ་ བཀག་འཛིན་འབད་མ་ཚུགས་མི་ལ་སོགས་པ་ཚུ་ལུ་བརྟེན་ཨིན་པས།
ཞི་གཡོགཔ་ཡར་སེང་འགྱོ་མི་དེ་གིས་ གཞུང་གི་དངུལ་མཛོད་ལུ་ཡང་ ཐོ་ཕོག་དོ་ཡོདཔ་ད་ སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་བར་ནའི་ ལོ་བསྟར་དངུལ་འབྲེལ་རྩིས་ཁྲ་དང་འཁྲིལཝ་ད་ རྒྱུན་སྐྱོང་མ་དངུལ་ལས་ བརྒྱ་ཆ་༣༨.༦ དེ་ཅིག་ ཞི་གཡོགཔ་གི་ དངུལ་ཕོགས་དང་ འཐུས་ཚུ་སྤྲོད་ནི་དང་ ཞི་གཡོག་འཛིན་སྐྱོང་ དེ་ལས་ སྒེར་དོན་གྱི་ ཟད་འགྲོའི་དོན་ལུ་ གནས་ཡོདཔ་ཨིན་པས།
ཨིན་རུང་ ལྷན་ཚོགས་ཀྱིས་ ཞི་གཡོག་པའི་ གྱངས་ཁ་མར་ཕབ་འབད་ནིའི་དོན་ལུ་ ཐབས་བྱུས་ལེ་ཤ་ བཏོན་པའི་བསྒང་ཡོདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ བཀོད་ཁྱབ་དང་ མཁས་མཆོག་གི་ དབྱེ་རིམ་ནང་ ཞི་གཡོགཔ་༢༧༦ ཡོདཔ་ད་ ཁྱད་རིག་དང་ འཛིན་སྐྱོང་དབྱེ་རིམ་ནང་ སྤྱི་ལོ་༢༠༠༣ ལུ་༤,༥༡༣ ཡོད་མི་དེ་ དུས་ཅི་༡༣,༨༨༩ གུ་ ཡར་སེང་སོང་ཡོད་མི་དེ་ གསུམ་ལྟབ་ལྷགཔ་ཅིག་ཨིན་པས།
ཁྱད་རིག་དང་དབྱེ་རིམ་གྱིས་ ཞི་གཡོགཔ་ཡོངས་བསྡོམས་ལས་ བརྒྱ་ཆ་༤༧.༩༤ བཟོ་མི་དེ་ ཧ་ལམ་ཕྱེད་ཀ་མ་ལངམ་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ར་ ལས་རོགས་དང་ ལྟ་རྟོག་དབྱེ་རིམ་ནང་ ལས་གཡོགཔ་༡༢,༤༦༤ ཡོདཔ་ཨིན་པས།
ཞི་གཡོག་ནང་ སྤྱི་ལོ་༢༠༠༣ ལུ་ ཞི་གཡོགཔ་བསྡོམས་༡༥,༠༥༠ ཡོད་མི་ལས་ སྤྱི་ལོ་༢༠༡༨ ཟླ་༦ པ་ཚུན་ཚོད་ བརྒྱ་ཆ་༩༢.༥༡ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་བར་ན་ར་ བརྒྱ་ཆ་༤.༨ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༥ དང་༢༠༡༦ གི་བར་ན་འབད་བ་ཅིན་ ཞི་གཡོགཔ་བརྒྱ་ཆ་ རྒྱ་ཆེ་དྲགས་སྦེ་ མར་བབས་སོང་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *