ཞི་གཡོག་གི་ས་སྟོང་༡ ལུ་ ན་གཞོན་༢ རེ་གིས་ དོ་འགྲན་འབད་ནི།

༉ དུས་ཅི་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་མིའི་ གྱངས་ཁ་དང་འཁྲིལཝ་ད་ ཞི་གཡོག་གི་ས་སྟོང་རེ་ལུ་ ན་གཞོན་༢ རེ་གིས་ དོ་འགྲན་འབད་ནི་ཨིན་པས།

ན་ཧིང་གི་ལོ་ནང་འབད་བ་ཅིན་ ས་སྟོང་༡ གི་དོན་ལུ་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་མི་༥ རེ་ཐོན་ཡོདཔ་ད་ དུས་ཅི་གི་ལོའི་དོན་ལུ་ ཁ་ཙ་ སྤྱིར་བཏང་ཆོས་རྒྱུགས་ནང་ མི་ངོམ་༡,༠༠༣ གྱིས་ བཅའ་མར་གཏོགས་ཡོདཔ་ད་ སྔོན་འགྲོ་ཆོས་རྒྱུགས་ནང་ལས་ ན་གཞོན་༡,༠༢༤ གིས་ མཐར་འཁྱོལ་ཡོདཔ་ཨིན་པས།

སྤྱི་ཟླ་༧ པའི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ནང་ ས་སྟོང་༤༩༤ གསལ་བསྒྲགས་འབད་ཡོད་མི་དེ་ ན་ཧིང་དང་ཕྱདཔ་ད་ ས་སྟོང་༤ མར་བབས་སོང་ཡོདཔ་ཨིན་པས།

དབྱེ་ཁག་༣ གྱི་དོན་ལུ་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་མི་ལས་༤༧༨ ཀྱིས་ སྤྱིར་བཏང་གི་དབྱེ་ཁག་དང་༤༩༠ གིས་ འཕྲུལ་རིག་གི་དབྱེ་ཁག་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

སྤྱིར་བཏང་དབྱེ་ཁག་ནང་ མི་མང་འཛིན་སྐྱོང་ནང་ ཌིབ་ལོ་མའི་སྦྱོང་བརྡར་དང་ དངུལ་རྩིས་འཛིན་སྐྱོང་ནང་ ཌིབ་ལོ་མའི་སྦྱོང་བརྡར་ཚུ་ ཚུདཔ་ཨིན་པས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་མང་འཛིན་སྐྱོང་ནང་ ཌིབ་ལོ་མའི་སྦྱོང་བརྡར་དོན་ལུ་ ས་སྟོང་༣༠ དང་ དངུལ་རྩིས་འཛིན་སྐྱོང་ནང་ ཌིབ་ལོ་མའི་སྦྱོང་བརྡར་ནང་༣༠ དེ་ལས་ མཐོ་རིམ་གོང་མའི་ཤེས་རིག་གི་ ཌིབ་ལོ་མའི་དོན་ལུ་༡༤༡ གསལ་བསྒྲགས་འབད་ནུག།

དེ་ལས་ གསོ་བ་དང་འཕྲུལ་རིག་གི་དབྱེ་ཁག་ནང་ ས་སྟོང་༢༧༣ གསལ་བསྒྲགས་འབད་ཡོདཔ་ད་ དབྱེ་ཁག་དེ་ནང་ མི་ངོམ་༤༩༠ ཡོད་མི་ལས་༣༥ གིས་ རྫོང་ཁའི་དབྱེ་ཁག་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

རྒྱལ་ཡོངས་ཁྲིམས་དོན་གྱི་ ཌིབ་ལོ་མའི་སྦྱོང་བརྡར་དབྱེ་ཁག་དོན་ལུ་ ས་སྟོང་༡༠ གསལ་བསྒྲགས་འབད་ཡོདཔ་ད་ སྤྱིར་བཏང་ཆོས་རྒྱུགས་ནང་ལས་ སྐུགས་ཚད་བརྒྱ་ཆ་༧༠ རྩིས་རྐྱབ་ནི་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༢༠ རང་སོའི་ངག་ཐོག་དང་ བརྒྱ་ཆ་༡༠ རང་གི་སློབ་གྲྭ་ནང་ལས་ཐོབ་མི་ སྐུགས་ཚད་ལས་ རྩིས་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *