༉ གཞུང་གིས་ གཙོ་རིམ་ཅན་གྱི་ ཁས་བླངས་གསལ་བསྒྲགས་འབད་མིའི་གྲས་ལས་ མི་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ རིན་མེད་སྟོང་པར་ ཝའེ་ཕའི་དང་ གསུང་བྱོན་རིམ་ལུགས་ གཞི་བཙུགས་འབད་ནི་དེ་ཨིན་པས།
ཨིན་རུང་ གཞུང་དབུ་བརྙེས་ཏེ་ ལོ་༤ ལང་སོ་རུང་ ཁས་བླངས་གསལ་བསྒྲགས་འབད་མི་དེ་ ད་ལྟོའི་བར་ན་ཡང་ བསྟར་སྤྱོད་ཀྱི་དོན་ལུ་ འགོ་མ་བཙུགསཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་དང་འཁྲིལ་བ་ཅིན་ རིམ་ལུགས་གཞི་བཙུགས་འབད་ནིའི་དོན་ལུ་ ལྷན་ཁག་གིས་ འོས་འབབ་ཡོད་མི་དང་ ལག་ལེན་འཐབ་བཏུབ་མི་ཅིག་ བརྟག་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
གཞུང་གིས་ ཚོང་འབྲེལ་བདག་འཛིན་འཐབ་ནི་དང་ གཡོག་སྤྲོད་འབད་ནི་ དེ་ལས་ ཉམས་བཅོས་འབད་ནི་ལུ་ རྒྱལ་ཁབ་ནང་ གདོང་ལེན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཁག་གིས་ གཞུང་གི་ཁས་བླངས་འགྲུབ་ཐབས་ལུ་ ནང་འཁོད་ཀྱི་ཚོང་ལས་དང་ སྒེར་སྡེ་ དེ་ལས་ མི་ཚུ་གིས་ སྤྲོ་བ་ལེན་མི་ཚུ་ ལྟ་བའི་བསྒང་ཡོདཔ་མ་ཚད་ ད་ལྟོ་དང་ མ་འོངས་མི་སེར་ཉེན་སྲུང་མཐའ་དོན་ལུ་ གནས་སྐབས་ཚུ་བཏོན་དོ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ནང་འཁོད་ཡོངས་འབྲེལ་ཞབས་ཏོག་བྱིན་མི་ ལས་སྡེ་ལས་བརྒྱུད་དེ་ ཨིས་ཊར་ལིངཀ་ཟེར་མི་ ཝའེ་ཕའི་ཧོཊ་ཨིས་པོཊ་ཅིག་ སྤྱི་འོག་༡,༠༤༤ དང་ ཁྲོམ་ཚོགས་ཚུ་ནང་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གིས་ གྲོས་འཆར་བརྩམས་ཡོདཔ་ད་ དེ་གི་དོན་ལུ་ ལོ་༥ འི་ནང་ མ་དངུལ་ དངུལ་ཀྲམ་དུང་ཕྱུང་༢.༩༣༠ གནས་ནི་ཨིན་པས།
ཨིས་ཊར་ལིངཀ་ཟེར་མི་དེ་ འཛམ་གླིང་དང་མཐུད་འབྲེལ་འབད་དེ་ གནས་ཚུལ་དང་ ཁྱབ་བསྒྲགས་ དེ་ལས་ ལཱ་དང་ལས་རིམ་ཚུ་ ག་ཅིའི་དོན་ལུ་ཡང་ ཞབས་ཏོག་སྤྱོད་ཚུགས་ནི་ཨིན་པས།
རྒྱལ་ཁམས་ཀྱི་སྙན་ཞུ་༢༠༢༡ དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ རྒྱལ་ཁབ་ནང་ ཨེས་ཊར་ལིངཀ་ལག་ལེན་འཐབ་མི་ གྲོས་འཆར་༣,༠༠༠ བཙུགས་ཡོདཔ་ད་ དེ་ཁར་ རིན་མེད་སྟོང་པར་ ཝའེ་ཕའི་ཞབས་ཏོག་དང་ དང་འདོད་ཅན་གྱི་ སྒེར་སྡེ་ཚུ་གིས་ གཞི་བཙུགས་འབད་དགོཔ་སྦེ་ཨིན་པས།
ཨེས་ཊར་ལིངཀ་དེ་ཡང་ བརྒྱ་ལས་༡༠༠ ཕྱིའི་མ་རྩ་གཞི་བཙུགས་དོ་བཟུམ་སྦེ་ གཞི་བཙུགས་འབད་ཆོག་པའི་ གྲོས་འཆར་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ཕྱིའི་མ་རྩ་གཞི་བཙུགས་སྲིད་བྱུས་དང་ སོ་སོར་ཨིན་པས།
སྙན་ཞུའི་ནང་ བཀོད་བཟུམ་འབད་བ་ཅིན་ གཞུང་གིས་ ནང་འཁོད་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ གསུང་བྱོན་ཨེཔ་ཅིག་ཡང་ གཞི་བཙུགས་ཐབས་ལུ་ བཟོ་བཀོད་འབད་བའི་ཁར་ ལེགས་ཤོམ་སྦེ་ སྤྱོད་ཚུགས་ནིའི་དོན་ལུ་ ཡར་དྲག་གཏང་དགོཔ་ད་ གཞུང་ལས་མི་སེར་ཞབས་ཏོག་ དངུལ་རྩིས་སྤྲོད་ལེན་ནི་ གཞུང་གི་ཁྱབ་བསྒྲགས་ ཡང་ཅིན་ གནད་དོན་གཞན་ཚུ་ཡང་ ཡོདཔ་སྦེ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ གནད་དོན་གྲུབ་ཐབས་ལུ་ དཔལ་འབྱོར་དང་ འཕྲུལ་རིག་དགོས་མཁོས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཞིབ་འཚོལ་འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ གཞུང་གིས་ མི་སྡེའི་ཞབས་ཏོག་ ཝི་ཅེཌ་དང་ ཝཱཊསི་ཨེཔ་ ཡང་ཅིན་ ཛུམ་ནང་ མཐུན་རྐྱེན་ལེ་ཤ་ཅིག་ འགྲུབ་དགོ་དོ་བཟུམ་སྦེ་ གཞུང་གིས་ ཟད་འགྲོ་སྦོམ་གཏང་དགོ་པས་ཟེར་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ གཞུང་གིས་ དམིགས་ཡུལ་གཙོ་བོ་ར་ མི་མང་མཐུད་འབྲེལ་ཞབས་ཏོག་གི་དོན་ལུ་ ཟད་འགྲོ་ཉུང་སུ་འགྱོ་མི་དང་ ཁེ་ཕན་སྦོམ་སྤྱོད་ཚུགས་མི་དེ་ཨིནམ་ལས་ ཐབས་ཤེས་གཞན་ཅིག་ ལྟ་དོ་ཟེར་ཨིན་པས།
ལྷན་ཁག་གིས་ དུས་རྒྱུན་དུ་ ལས་སྡེ་དང་མཉམ་འབྲེལ་ཐོག་ ཟད་འགྲོ་མར་ཕབ་འབད་ཚུགས་པའི་ མཐུད་འབྲེལ་ཞབས་ཏོག་ངོས་འཛིན་འབད་ཡོདཔ་བཞིན་དུ་ གཞུང་གིས་ མ་རྩ་བཙུགས་མི་ལུ་ འོས་འབབ་ཅན་དང་ སྒེར་སྡེའི་བརྡ་དོན་དང་འཕྲུལ་རིག་ཐོག་ལས་ ལཱ་ཚུ་ འཇམ་ཏོང་ཏོ་འབད་ཚུགསཔ་ཅིག་དགོཔ་ཨིན་ཟེར་ བློན་པོ་གིས་སླབ་ཨིན་པས།
གསུང་བྱོན་རིམ་ལུགས་དེ་ ཉིན་གྲངས་༡༢༠ འི་ནང་འཁོད་ འགྲུབ་ཚུགསཔ་འབད་ནི་ཨིན་ཟེར་ གཞུང་གི་ཁས་བླངས་ནང་ཡོདཔ་ད་ རིམ་ལུགས་ལག་ལེན་འཐབ་པ་ཅིན་ རྩིས་ཤོག་ལག་ལེན་ འཐབ་མ་དགོ་མི་ཅིག་ཨིན་པས།
འདས་པའི་ ཀུན་གསལ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ བཙག་འཐུ་གྲུབ་པའི་ཉིནམ་ལས་ རིམ་ལུགས་ཀྱི་ སྔོན་འགྲོའི་ལཱ་འབད་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ད་ལྟོ་ ཁག་ཆེ་བའི་རིམ་ལུགས་ ག་ཅི་བཙུགས་ནི་ཨིན་ན་ ཐག་བཅད་པའི་བསྒང་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
རིམ་ལུགས་བཟོ་དགོ་པའི་ དམིགས་ཡུལ་དེ་ཡང་ མི་སེར་ཚུ་ལུ་ སྤུས་ཚད་ཅན་གྱི་ཞབས་ཏོག་ ཕུལ་ནིའི་དོན་ལུ་ཨིན་ཟེར་ བརྡ་བརྒྱུད་བློན་པོ་གིས་ བཤད་པའི་ཁར་ ད་ལྟོ་གཞུང་ལས་ མི་སེར་གྱི་ཞབས་ཏོག་སྤྱོད་ནིའི་དོན་ལུ་ མི་སེར་ཚུ་ ལཱ་ཁག་སྦེ་ རྒེད་འོག་བདག་སྐྱོང་ནང་འགྱོ་དགོཔ་ལས་ གསུང་བྱོན་རིམ་ལུགས་བཟོ་ཚར་བའི་བསྒང་ལས་ ཞབས་ཏོག་དེ་ ཁྱིམ་ནང་ལས་སྤྱོད་ཚུགས་ཟེར་ ཨིན་པས།
བློན་ཆེན་གྱིས་ གལ་སྲིད་ སྲིད་དོན་གྱི་ གནད་ལུ་བརྟེན་ ཞབས་ཏོག་བཟོ་བ་ཅིན་ འབད་ཚུགས་ཟེར་ གསུངསམ་ཨིན་རུང་ དཔལ་འབྱོར་ནང་ སྟབས་མ་བདེཝ་འབྱུང་ཉེན་ཡོདཔ་ལས་ གཞུང་གི་དམིགས་ཡུལ་དེ་ སྲིད་དོན་གནས་སྟངས་ཐོག་ལུ་མེན་པར་ ཡུན་བརྟན་ཐོག་ལས་ རྒྱལ་ཡོངས་ལུ་ ཕན་ཐོགས་ཚུགསཔ་བཟོ་ནི་དེ་ ཨིན་ཟེར་གསུངས་ཡི།
འབྲུག་ལུ་ བེང་ཝེཊ་མཁོ་སྒྲུབ་དེ་ མི་མང་ལས་སྡེ་དང་ ཡང་ཅིན་ གཞུང་གིས་འབད་ནི་ཨིན་ན་ འོས་འབབ་ཚུ་ བལྟ་བའི་བསྒང་ཡོད་རུང་ འབྲུག་གི་ཁ་ཐུག་ལས་འབད་བ་ཅིན་ མི་མང་ལས་སྡེ་འབྲེལ་གཏོགས་ འབད་དགོཔ་མེད་ཟེར་ཨིན་པས།
དེ་ཡང་ ཡོངས་འབྲེལ་ཨིན་ཊར་ནིཊ་གི་ རྒྱུན་ཐག་ཚུ་ རླུང་འཕྲིན་བཟུམ་སྦེ་ འབད་དགོཔ་མེདཔ་ལས་ ད་ལྟོ་ དགོས་མཁོ་ཅན་གྱི་ ལཱ་ཚུ་འབད་བའི་བསྒང་ཡོད་མི་ལུ་བརྟེན་ དེ་བཟུམ་མའི་ ཞབས་ཏོག་དེ་ དམིགས་བསལ་དུ་ རྒྱལ་ཡོངས་ནང་ རྐྱེན་ངན་བྱུངམ་ད་ ཨིན་ཊར་རྒྱུན་ལམ་༢ ཡོད་མི་དེ་ གལ་གནད་ཅན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།