མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒན་ཤོས་མཚམས་ཁང་གི་ ས་ཁོངས་ནང་ ཆིབས་སྐྱོད་གནང་པའི་བསྒང་།

ཝང་སི་སི་ནང་ལུ་ རྒན་ཤོས་མཚམས་ཁང་རྐྱབ་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཝང་སི་སི་ནང་ལུ་ མི་དབང་རྒྱལ་པོའི་ མི་སེར་ལས་འགུལ་ཐོག་ལས་རྐྱབ་མི་ རྒན་ཤོས་མཚམས་ཁང་ནང་ ཆིབས་སྐྱོད་གནང་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ནང་ རྐྱབ་ཚར་མི་ མཚམས་ཁང་དེ་ནང་སྡོད་མི་ མི་དབང་མཆོག་གི་ རྒན་ཤོས་ཞབས་ཏོག་སྐྱིད་སྡུག་ཐོབ་མི་༡༩ ཡོདཔ་ད་ རྒན་ཤོས་ཞབས་ཏོག་སྐྱིད་སྡུག་ཐོབ་མི་ཚུ་ཡང་ བཟའ་ཚང་མེད་མི་ ཡང་ཅིན་ བཟའ་ཚང་ཡོད་རུང་ ཁོང་རྒན་རྒས་ཚུ་ བདག་འཛིན་འཐབ་མ་ཚུགས་མི་ རྒན་ཤོས་ཚུ་ཨིན་པས།
རྒན་ཤོས་མཚམས་ཁང་དེ་ནང་ ཁྱིམ་ཆུང་ངམ་ བདེ་ཁྱིམ་༡༣ ཡོདཔ་ལས་ དེ་ཚུ་ནང་ མི་༧༨ ཤོང་ཚུགས་ནི་ཨིན་པས།
མཚམས་ཁང་དེ་ནང་ བདག་སྐྱོང་ཡིག་ཚང་དང་ སྨན་གཡོགམོ་གི་ཡིག་ཚང་ སྤྱིར་བཏང་གི་ ཐབ་ཚང་༡ དེ་ལས་ ཐུན་གཏང་ནི་དང་ སྤྲོ་འཆམ་གྱི་ ས་གོ་སྒོ་ཡངས་ཏོག་ཏོ་སྦེ་ཡོདཔ་ད་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་དང་ རྐང་ཁྲི་འཁོར་ལོ་ཅནམ་ཚུ་ཡང་འགྱོ་སའི་ ས་གོ་ཚུ་ བཟོ་སྟོ་ཡོདཔ་ཨིན་པས།

རྒན་ཤོས་༧༨ ཤོང་ཚད་ཡོད་མི་ རྒན་ཤོས་མཚམས་ཁང་གི་ ཁྱིམ་ཆུང་ཚུ།

རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་ རྒན་ཤོས་མཚམས་ཁང་དེ་ ལྟ་རྟོག་དང་ བདག་འཛིན་འཐབ་མི་ བཟའ་ཚང་མེད་པའི་ རྒན་ཤོས་ཚུ་ སྡོད་ནི་དང་ ཐུན་གཏང་ནི་ དེ་ལས་ སྨན་བཅོས་ཀྱི་ ཞབས་ཏོག་སྤྱོད་སའི་ ས་གོ་ཅིག་ཨིན་ཟེར་བཀོད་ནུག།
ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ འདི་བཟུམ་མའི་ རྒན་ཤོས་ལེ་ཤ་ཅིག་ལུ་ མི་དབང་མཆོག་གི་ རྒན་ཤོས་ཞབས་ཏོག་གི་སྐྱིད་སྡུག་ ཟླ་རིམ་གྱི་འཐུས་སྦེ་ཐོབ་མི་ ལེ་ཤ་ཡོདཔ་ཨིན་པས།
དེ་འབདཝ་ད་ སྐྱིད་སྡུག་ཐོབ་མི་ ལེ་ཤ་ཅིག་ར་ ཁོང་ར་གིས་ གཅེས་སྐྱོང་འབད་མ་ཚུགས་མི་དང་ ཡང་ཅིན་ སྡོད་ས་མེད་པར་ གདོང་ལེན་བྱུང་སྟེ་ཡོདཔ་ད་ ད་ལྟོ་སྡོད་མི་ ལེ་ཤ་ཅིག་ར་ ཐིམ་ཕུག་ལུ་ སྐྱིད་སྡུག་ནད་པའི་མགྲོན་ཁྱིམ་ནང་ གནས་སྐབས་ཅིག་གི་དོན་ལུ་ སྡོད་བཅུགཔ་ཨིན་པས།
བདག་འཛིན་འཐབ་མི་མེད་མི་ རྒན་ཤོས་ཚུ་གི་ སྐྱིད་སྡུག་སེལ་ཐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ རྒན་ཤོས་མཚམས་ཁང་དེ་ རྐྱབ་ཡོད་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *