ཚོད་བསྲེ་དང་ དངུལ་ཐོག་ཚོང་སྒྱུར་གྱིས་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ལྷན་ཐབས།

སྤྱི་ལོ་༢༠༡༧ ལུ་ འབྲུག་རྒྱལ་ཁབ་ཀྱིས་ དངུལ་ཀྲམ་ས་ཡ་༡,༤༡༤ དེ་ཅིག་གནས་པའི་ ཨེ་མ་དང་ དངུལ་ཀྲམ་ས་ཡ་༦༩༢.༥ དེ་ཅིག་གི་ དངུལ་ཐོག་ཨ་ལཱན་ཅིའི་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།

ལོ་དེ་ནང་ རྒྱལ་ཁབ་ལས་ ཤིང་འབྲས་ཀྱི་རིགས་ དངུལ་ཀྲམ་ས་ཡ་༥༤༨.༠༥ དེ་ཅིག་ ཕྱིར་ཚོང་འཐབ་པའི་ཁར་ དངུལ་ཀྲམ་ས་ཡ་༥༤༥.༠༥ གནས་པའི་ ཚོད་བསྲེ་ཚུ་ ཕྱིར་ཚོང་འབད་མི་ཚུ་ཡང་ རྒྱ་གར་དང་ བང་ལ་དེཤ་ལུ་ བཙོང་ཡོདཔ་ཨིན་པས།

གནད་དོན་དེ་གི་སྐོར་ལས་ སོ་ནམ་ལྷན་ཁག་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༧-༡༨ ཀྱི་ ལོ་བསྟར་སྙན་ཞུ་ནང་ བཀོད་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ནགས་ཤིང་མེན་པའི་ ཐོན་སྐྱེད་ཐོག་ དངུལ་ཀྲམ་ས་ཡ་༡༩༣.༤༩ དེ་ཅིག་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ལྷན་ཐབས་འབད་ནུག།

ནང་འདྲེན་གྱི་ཐད་ལུ་ ཆུམ་དེ་ ཉེར་སྤྱོད་མཁོ་ཆས་གཙོ་ཅན་ཅིག་སྦེ་ སྙན་ཞུ་ནང་ བཀོད་ཡོདཔ་ད་ ལོ་དེ་ནང་ རྒྱལ་ཁབ་ཀྱིས་ དངུལ་ཀྲམ་ས་ཡ་༡,༩༧༩.༧༥ དེ་ཅིག་གི་ ཆུམ་ནང་འདྲེན་འབད་ཡོདཔ་ཨིན་པས།

དེ་མ་ཚད་ བཟའ་ཆས་མར་ཁུ་དང་ ཨོ་ཆས་ཐོན་སྐྱེད་ དེ་ལས་ ཚོད་བསྲེ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ ནང་འདྲེན་འབད་ཡོདཔ་ཨིན་པས།

དེ་ལས་ སྤྱི་ལོ་༢༠༡༧ ནང་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་ནང་ འབུབ་བཙོང་མི་༣༥ གིས་ བཅའ་མར་གཏོགས་ཡོདཔ་ད་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༣༧༦ དེ་ཅིག་ རིན་བསྡུར་ཐོག་བཙོངམ་ད་ དངུལ་ཀྲམ་ས་ཡ་༢༠༣ ཐོབ་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་རྫོང་ཁག་གིས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༢༥༥.༣༦ ཐོན་སྐྱེད་འབད་ཚུགས་མི་དེ་ མཐོ་ཤོས་ཨིནམ་ད་ བཀྲིས་གཡང་རྩེ་དང་ ལྷུན་རྩེ་རྫོང་ཁག་༢ ཀྱིས་ འབུབ་ཀེ་ཇི་༡.༠༡ ལས་བརྒལ་ རིན་བསྡུར་འབད་མ་ཚུགས་པས།

རྒྱལ་ཁབ་ནང་ དབྱར་རྩྭ་དགུན་འབུབ་ ཚོང་འབྲེལ་འཐབ་ནིའི་ གནང་བ་དེ་ཡང་ སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་ཞིནམ་ལས་ཚུར་ བུམ་ཐང་རྫོང་ཁག་ནང་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༡.༧༡ དེ་ཅིག་ ཐོབ་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *