སཱན་མཱན་སུ་བྷ།

ཚོང་པ་ཅིག་གིས་ ཨང་དང་པའི་ རྒྱན་ཤོག་གསོལ་རས་ ལན་ཐེངས་༢ ཐོབ་ཡོདཔ།

༉ ཐིམ་ཕུག་ལས་ སྐྱེས་ལོ་༣༨ ལང་མི་ ཚོང་པ་སཱན་མཱན་སུ་བྷ་གིས་ བདུན་ཕྲག་གཉིས་ཀྱི་བར་ན་ཚར་རེ་ གྲུབ་འབྲས་བཏོན་མི་ ཕུན་སུམ་རྒྱན་ཤོག་ནང་ ཟླཝ་༡ གི་ནང་ར་ ལན་ཐེངས་༢ ཨང་དང་པའི་གསོལ་རས་ ཐོབ་ཡོདཔ་ཨིན་པས།
དེ་ཡང་ ཚོང་པ་དེ་གིས་ སྤྱི་ཟླ་༩ པ་ཚེས་༣༠ དང་ སྤྱི་ཟླ་༡༠ ཚེས་༣༠ ལུ་ རྒྱན་ཤོག་གི་གསོལ་རས་ དངུལ་ཀྲམ་འབུམ་ལྔ་རེ་ཐོབ་ནུག།
ཕུན་སུམ་ཟླ་རིམ་རྒྱན་ཤོག་དེ་ མེདཔ་བཟོ་བའི་ཤུལ་ལས་ འབྲུག་རྒྱན་ཤོག་ཚད་འཛིན་གྱིས་ དུས་ཅི་ སྤྱི་ཟླ་༩ པ་ལས་ ཟླ་ཕྱེད་རྒྱན་ཤོག་འགོ་བཙུགས་ཡོདཔ་ད་ ཕུན་སུམ་ཟླ་རིམ་རྒྱན་ཤོག་ནང་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་ས་ཡ་༡ ཡོད་མི་བཟུམ་མེན་པར་ ཟླ་ཕྱེད་ཀྱི་ རྒྱན་ཤོག་གི་དོན་ལུ་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༥༠༠,༠༠༠ ཡོདཔ་བཞིན་དུ་ རྒྱན་ཤོག་དེ་ ཟླཝ་༡ ནང་ ཉིན་གྲངས་༡༥ ལུ་ གྲུབ་འབྲས་ཚར་རེ་ བཏོནམ་ཨིན་པས།
རྒྱན་ཤོག་ཡིག་ཚང་གིས་ ང་ལུ་ རྒྱན་ཤོག་ལས་ ལན་ཐེངས་༢ རྒྱལ་ཁ་ཐོབ་མི་ དང་པ་དེ་ ང་ཨིནམ་སྦེ་ སླབ་དེས་ཟེར་ སཱན་མཱན་ སུ་བྷ་གིས་ བཤདཔ་ཨིན་པས།
ལྷ་མོའི་རྫིང་ཁ་ལས་ཨིན་མི་ སཱན་མཱན་སུ་བྷ་གིས་ ཁོ་ར་ཁ་རྗེ་ཅན་གྱི་ མི་ཅིག་ཨིནམ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ད་ ཁོ་གིས་ རྒྱན་ཤོག་ཉོ་ནི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ རྒྱན་ཤོག་ལོག་འགོ་བཙུགས་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས།
སཱན་མཱན་སུ་བྷ་གིས་ སླབ་མིའི་ནང་ རྒྱན་ཤོག་ཉོ་བའི་སྐབས་ལུ་ རྒྱལ་ནི་གི་ མནོ་བསམ་རྐྱངམ་གཅིག་ གཏང་ནི་མེན་པར་ དྲན་ཤེས་ཀྱི་སྒོ་ལས་ བཏོག་དགོ་ཟེར་ཨིནམ་ད་ གསོལ་རས་ཐོབ་མི་ དངུལ་རྐྱང་དེ་ ཆ་རོགས་ཚུ་ལུ་ བྱིན་ནི་དང་ ལྷ་ཁང་ཚུ་ནང་ ཞལ་འདེབས་ཕུལ་མི་དེ་གིས་ཡང་ རང་ལུ་ ཚོགས་བསག་ནི་དང་ མནོ་དོན་འགྲུབ་ཨིནམ་སྦེ་ ཆ་བཞགཔ་ཨིན་པས།
ཁོ་གིས་ རྒྱན་ཤོག་གི་ གསོལ་རས་བསྡོམས་ དངུལ་ཀྲམ་ས་ཡ་༡ ཐོབ་མིའི་ནང་ལས་ འབུམ་༣ དེ་ཅིག་ བགོ་བཀྲམ་དང་ ཞལ་འདེབས་སྦེ་ ཕུལ་ཡོདཔ་ད་ གསོལ་རས་ཐོབ་མི་ རྒྱན་ཤོག་བཙོང་མི་ལུ་ཡང་ ཁོ་གིས་ དངུལ་ཀྲམ་༡༠༠,༠༠༠ བྱིན་ཡོདཔ་མ་ཚད་ སཱན་མཱན་སུ་བྷ་གིས་ རྒྱལ་ཁ་ལན་ཐེངས་༢ ཐོབ་མི་ལས་ ཁོ་གི་ཆ་རོགས་༢༥ དེ་ཅིག་ལུ་ ཕན་ཐོགས་བྱུང་ནུག།
གླ་འཁོར་དེད་གཡོགཔ་ ཧར་ཀ་བྷ་དུར་སུ་བྷ་གིས་ སླབ་མིའི་ནང་ ཁོ་ལུ་ཡང་ སཱན་མཱན་སུ་བྷ་གིས་ དངུལ་ཀྲམ་༣,༠༠༠ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ཡང་ སཱན་མཱན་གྱིས་བྱིན་མི་ ཏི་རུ་ག་ར་ ཕུན་སུམ་ཟླ་ཕྱེད་རྒྱན་ཤོག་ཉོ་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ ལྷག་ལུས་དངུལ་ཀྲམ་༢༠ དེ་གིས་ ཀྲེག་ནིའི་རྒྱན་ཤོག་ཅིག་ ཉོ་མི་ལས་ དངུལ་ཀྲམ་༤༠ ཐོབ་ཅི་ཟེར་ དེད་གཡོགཔ་གིས་ བཤདཔ་ཨིན་མས།
ཆ་རོགས་གཞན་ ར་ཇིབ་ཆེ་ཏི་རི་གིས་ སླབ་མིའི་ནང་ སཱན་མཱན་སུ་བྷ་དེ་ ཁ་རྗེ་ཅན་གྱི་ མི་ཅིག་ཨིན་མི་དེ་ཡང་ ཁོ་གིས་ རྒྱ་ གར་གྱི་ རྒྱན་ཤོག་ནང་ལས་ཡང་ གསོལ་རས་དངུལ་ཀྲམ་༣༡,༠༠༠ ཐོབ་ནུག་ཟེར་ཨིན་པས།
སཱན་མཱན་སུ་བྷ་གིས་ སླབ་མིའི་ནང་ ཁོ་ར་གིས་ དཀའཝ་སྤྱད་དེ་ཐོབ་མི་ཚུ་ གཞན་ལུ་ བྱིན་མ་ནུམ་རུང་ རང་གི་ཁ་རྗེ་ཐོག་ རྒྱན་ཤོག་གི་ གསོལ་རས་ཐོབ་མི་ཚུ་ དུམ་གྲ་རེ་ ཆ་རོགས་ཚུ་ལུ་ བྱིན་པ་གིས་ ཁྱད་ག་ནི་ཡང་མེད་ཟེར་ཨིན་པས།
ཕུན་སུམ་ཟླ་ཕྱེད་ཀྱི་ རྒྱན་ཤོག་ནང་ལས་ ཚར་གཉིས་རྒྱལ་ཁ་ཐོབ་མི་ སཱན་མཱན་སུ་བྷ་ལུ་ རྒྱན་ཤོག་གསོལ་རས་ དངུལ་ཀྲམ་ ༦༠༠,༠༠༠ དེ་ཅིག་ ལུས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ པདྨ་རིག་འཛིན།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *