ཡོན་ཕུ་ལ་རིན་པོ་ཆེ་གིས་ སྒྲུབ་ཆེན་གནང་པའི་བསྒང་།

ཚེ༌སྒྲུབ༌འཆི༌མེད༌སྲོག༌ཐིག༌སྒྲུབ༌ཆེན༌ དངོས༌གྲུབ༌བླངས༌ དབང༌གནང་ཐོག་ལས་ གྲོལ༌ཡོདཔ།

༉ རྒྱལ་ཁབ་ཀྱི་ས༌གནས༌མང་ཤོས་ཅིག་ནང༌ གནང་སྲོལ་མེད་མི་ ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་ཆེན་དེ་ བཀྲིས་སྒང་ཡོན་ཕུ་ལ་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་དགོན་སྡེ་ནང་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ཀྱི་སྐུ་རིམ་སྦེ་ གནང་སྲོལ་ཡོདཔ་བཞིན་དུ་ ཁ་ཙ་ མི་མང་ལུ་ དངོས་གྲུབ་བླངས་དབང་གནང་ཐོག་ལས་ གྲོལ་གནང་ཡོདཔ་ཨིན་པས།
སྒྲུབ༌ཆེན༌དེ༌ ཡོན་ཕུ་ལ་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ལས་ མཚམས་པ་དང་ བཤད་གྲྭའི་དགེ་སློང་བརྒྱ་ལྷགཔ་ཅིག་གིས་ གནང་ཡོདཔ་ད་བཞིན་དུ་ དངོས་གྲུབ་བླངས་དབང་ཞུ་མི་ ས་གནས་ཀྱི་མི་སྟོང་ལས་བཅད་དེ་འཛོམས་ནུག།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ སྒྲུབ་ཆེན་དེ་ དུས་རབས་༢༡ པའི་ནང་ གཏེར་སྟོན་ཟིལ་གནོན་ནམ་མཁའ་རྡོ་རྗེ་གིས་ ལྷུན་རྩེ་སེངྒེ་རྫོང་ལས་ གཏེར་བཞེས་མི་ གཏེར་ཆོས་གི་སྒྲུབ་ཆེན་ཨིནམ་ད་ སྒྲུབ་ཆེན་དེ་རྒྱལ་ཁབ་ནང་ འགོ་ཐོག་ཡོན་ཕུ་ལ་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་དགོན་སྡེ་ནང་ འགོ་བཙུགས་ནུག།
ཡོན་ཕུ་ལ་རིན་པོ་ཆེ་གིས་ གསུངས་མིའི་ནང་ ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི༌གཏེར་ཆོས་དེ་ གཏེར་སྟོན་ཟིལ་གནོན་ནམ་མཁའ་རྡོ་རྗེ་གིས་ སེངྒེ་རྫོང་གི་ཉེ་འདབས་ ས་གནས་མཚོ་ཞིང་གསང་ཕུག་ཟེར་ས་ལས་ བཞེས་ཡོད་པའི་ལོ་རྒྱུས་འདུག་ཟེར་ཨིནམ་ད་ གཏེར་དེ་ བྲག་གཏེར་སྦེ་བཞེས་ནི་དེ་གིས་ གཏེར་བཏོན་པའི་ཤུལ་ ད་ལྟོ་ཡང་ བྱག་གུ་མཇལ་ནི་ཡོདཔ་ཨིན་པས།
རིན་པོ་ཆེ་གིས་ གསུངས་མིའི་ནང་ གཏེར་བཞེས་པའི་ཉིནམ་ལུ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་ སྐུ་འཁྲུངས་པའི་ ལོ་རྒྱུས་འདུག་ཟེར་ཨིནམ་ད་ སྐྱབས་རྗེ་བདུད༌ འཇོམས༌རིན༌པོ༌ཆེ༌མཆོག༌ སྤྱི་ལོ་༡༩༠༤ ལུ་ སྐུ་འཁྲུངས་ཡོདཔ་ད་ ཤུལ་ལས་གཏེར་ཆོས་དེ་ གཏེར༌སྟོན༌ཟིལ༌གནོན༌ནམ༌མཁའ༌རྡོ༌རྗེ༌གིས༌ སྐྱབས༌རྗེ༌བདུད༌འཇོམས༌རིན༌པོ༌ཆེ༌མཆོག༌ལུ༌གནང༌ཐོག༌ལས༌ མ༌ འོངས༌པར༌ གཏེར༌ཆོས༌བདག༌ པོ༌ སྐྱབས༌རྗེ༌བདུད༌འཇོམས༌ རིན༌པོ༌ཆེ༌ཨིན༌པའི༌ ལུང༌བསྟན༌ ཡང༌གནང༌བའི༌ ལོ༌ རྒྱུས༌ཡང༌ འདུག།
མཁའ༌འགྲོ༌དག༌ཡིག༌ཐོག༌ལུ༌ གནང༌ཡོད༌མི༌ཚེ༌སྒྲུབ༌འཆི༌མེད༌སྲོག༌ཐིག༌གི༌ གཏེར༌ཆོས༌དེ༌ ཤུལ༌ལས༌སྐྱབས༌རྗེ༌བདུད༌འཇོམས༌རིན༌པོ༌ཆེ༌མཆོག༌གིས༌ཕྱོགས༌སྒྲིག༌མཛད༌གནང༌བའི༌ཤུལ༌ལས༌ སྐྱབས༌རྗེ༌མཆོག༌ གིས༌ མཛད༌མི༌གནང༌མི༌ བདུད༌འཇོམས༌གསུང༌འབུམ༌གྱི༌གྲས༌ཁར༌ བཙུགས༌གནང༌ཡོདཔ༌ཨིན༌པས།
ཨྱོན༌མདོ༌སྔགས༌ཆོས༌འཁོར༌གླིང༌དགོན༌སྡེ༌ལུ༌ ཚེ༌སྒྲུབ༌འཆི༌མེད༌ སྲོག༌ཐིག༌གི༌སྒྲུབ༌ཆེན༌དེ༌ ཞིང༌ གཤེགས༌དམ༌པ༌ སྐྱབས༌རྗེ༌དིལ༌ མགོ༌མཁྱེན༌བརྩེ༌རིན༌པོ༌ཆེའི༌ ཞལ༌བཀོད༌དང༌བསྟུན༌ འགོ༌ བཙུགས༌གནང༌ཡོདཔ༌ད༌ དེ༌ཡང༌ ཡོན༌ཕུ༌ལ༌རིན༌པོ༌ཆེ༌གིས༌གསུངས༌མིའི༌ནང༌ སྒྲུབ༌ཆེན༌དེ༌ སྐྱབས༌རྗེ༌ འདུལ༌མགོ༌མཁྱེན༌རྩེ༌རིན༌པོ༌ཆེ༌མཆོག༌གི༌ སྐུ༌རིམ༌བཟུམ༌ཅིག༌སྦེ༌ འགོ༌བཙུགས༌གནང༌དགོ༌ཟེར་ ཞལ༌བཀོད༌གནང༌མི༌དང༌འབྲེལ༌ གཏན༌རྩ༌མ༌དངུལ༌ དངུལ༌ ཀྲམ༌༥,༠༠༠ གནང༌མི༌དེ༌གིས༌ སྒྲུབ༌ཆེན༌དེ༌ ད༌ལྟོའི་བར༌ན༌ཡང་ རྒྱུན༌མ༌ཆད༌པར༌ ལོ༌བསྟར༌ བཞིན༌དུ༌ གནང༌དོ༌ཡོདཔ༌ ཨིན༌པས།
ཚེ༌སྒྲུབ༌འཆི༌མེད༌སྲོག༌གི༌ལྷ༌དེ༌ མགོན༌པོ༌ཚེ༌དཔག༌མེད༌ གསང༌ བའི༌ཡུམ༌དང༌གཅིག༌ཁར༌ སྦྱོར༌ མི༌དེ༌ཨིནམ༌ད༌ སྒྲུབ༌ཆེན༌དེ༌ ཉིན༌གྲངས༌༧ གྱི༌རིང༌ ཉིན༌ནུབ༌ མེད༌པར༌ ཆོ༌ག༌དང༌སྐུ༌འཆམ༌ཚུ༌ གནང༌དོ༌ཡོདཔ༌ཨིན༌པས།
ཚེ༌སྒྲུབ༌འཆི༌མེད༌སྲོག༌ཐིག༌གི༌ སྒྲུབ༌ཆེན༌དེ༌ དགོན༌སྡེ༌དེ༌ནང༌ ལོ༌ བསྟར༌བཞིན༌དུ༌ སྒྲུབ༌ཆེན༌༤ གནང༌མིའི༌གྲས༌ལས༌ གཅིག༌ ཨིནམ༌ད༌ གཞན༌མི༌ཚུ༌ གྲོ་ལོད་དང༌ ཕུར༌པ༌གནམ༌ལྕགས༌སྤུ༌གྲི༌ དེ༌ལས༌ ཀརྨ༌སྒྲུབ༌ཆེན༌ཚུ༌ ཨིན༌ པའི༌གནས༌ཚུལ།

བསྟན༌འཛིན༌རྣམ༌རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *