ཚལ་ལུའི་ཐོན་སྐྱེད་ མར་བབས་ སོང་ཡོདཔ།

༉ འདས་པའི་ལོ་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་ ཚལ་ལུའི་ཐོན་སྐྱེད་དེ་ འབོར་ཆེ་ཏོག་ཏོ་སྦེ་ར་ མར་བབས་སོང་ཡོདཔ་ཨིན་པས།
འབྲུག་ཕྱིར་ཚོང་ཚོགས་པའི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ འབྲུག་པའི་ཕྱིར་ཚོང་པ་ཚུ་གིས་ ཚལ་ལུ་མེ་ཊིག་ཊཱོན་༦༣༩༦.༣༨ དང་ རིན་གོང་འབད་བ་ཅིན་ ཡུ་ཨེསི་ཌོ་ལར་ས་ཡ་༢.༥ དེ་ཅིག་ ཕྱིར་ཚོང་འཐབ་ཚུགས་ནུག།
ལོ་ངོ་བཅུ་ཕྲག་༡ གི་ནང་འཁོད་ལུ་ འབྲུག་ལས་ ཚལ་ལུ་ཕྱིར་ཚོང་འཐབ་ཡོད་མི་ལས་ སྤྱི་ལོ་༢༠༡༥ ལུ་ ཚལ་ལུ་མེ་ཊིག་ཊཱོན་༤༥༣༥.༣༥ ཕྱིར་ཚོང་འཐབ་མི་དེ་ ཉུང་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ ཉུང་ཤོས་དེ་ར་ ན་ཧིང་ཨིན་པས།
སྤྱི་ལོ་༢༠༡༦ ལས་༢༠༡༧ གྱི་ ལོ་དེ་ནང་ འབྲུག་ལས་ བང་ལ་དེཤི་ལུ་ ཚལ་ལུ་མེ་ཊིག་ཊཱོན་༢༣,༤༨༢ ཕྱིར་ཚོང་འཐབ་ཡོདཔ་ལས་ དེ་གིས་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༡༠.༡༤ བཟོ་ཚུགས་ནུག།
རྒྱལ་ཁབ་ནང་ ཚལ་ལུ་གི་མཛོད་ཁང་ སྦོམ་ཤོས་ཅིག་ཨིན་མི་དེ་ ཕུན་ཚོགས་གླིང་ཨ་མོ་ཆུ་གི་ མཐའམ་བདའ་སྟེ་ཨིནམ་ད་ དེ་ནང་གི་ འབྲུག་པའི་ཕྱིར་ཚོང་པ་ཚུ་གིས་ ཚལ་ལུ་མེ་ཊིག་ཊཱན་༢༠༨༥.༡༥ རྐྱངམ་ཅིག་ཕྱིར་ཚོང་འཐབ་ཚུགས་ཏེ་ཡོདཔ་ད་ དེ་གིས་ འོང་འབབ་ཡུ་ཨེསི་ཌོ་ལར་༩༧༣,༡༩༧ བཟོ་ནུག།
དུས་ཅི་ ཕྱིར་ཚོང་འཐབ་ནི་དེ་ཡང་ ཉིན་གྲངས་༡༠གྱིས་ ཕྱིས་ཏེ་ཡོདཔ་ད་ ཨ་མོ་ཆུ་གི་མཛོད་ཁང་དེ་ནང་ ཕྱིར་ཚོང་པ་༧ རྐྱངམ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ སྤྱི་ཟླ་༡༢ པའི་ ཟླ་ཕྱེད་དེ་ཅིག་ལས་ ཨ་མོ་ཆུ་གི་ ཚལ་ལུ་བཞག་སའི་ མཛོད་ཁང་དེ་ནང་ ཚལ་ལུ་འོང་ཐངས་ལྟ་བའི་བསྒང་ལས་ ལོ་ཐོག་ལེགས་ཤོམ་མེདཔ་སྦེ་ ཧ་གོ་ནུག།
ཨ་མོ་ཆུ་ལུ་ ཚལ་ལུ་ཕྱིར་ཚོང་པ་༧ ཡོད་མི་ནང་ལས་ འབྲུག་ཕུན་སུམ་ཕྱིར་ཚོང་པ་དང་ ཨིམ་པོཊ་ཧའུསི་ གིས་ ཚལ་ལུ་མེ་ཊིག་ཊཱོན་༨༤༡.༤༡ ཕྱིར་ཚོང་འཐབ་ཚུགས་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལུ་ དཔལ་གླིང་ཕྱིར་ཚོང་པ་གིས་ ཚལ་ལུ་མེ་ཊིག་ཊཱོན་༤༧༨.༠༩ ཕྱིར་ཚོང་འཐབ་ཚུགས་ནུག།
དཔལ་ལྡན་ཕྱིར་ཚོང་པ་གིས་ ཚལ་ལུ་མེ་ཊིག་ཊཱོན་༤༤༣.༦༥ ཕྱིར་ཚོང་འཐབ་ཡོདཔ་ད་ མ་ནུ་ཕྱིར་ཚོང་པ་གིས་ ཚལ་ལུ་མེ་ཊིག་ཊཱན་༥༦ ཕྱིར་ཚོང་འཐབ་མི་དེ་ ཉུང་ཤོས་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *