ཤག་བཟོཔ་ཚེ་རིང་ཆོས་སྒྲོན།

མོང་སྒར་ལུ་ ཤག་བཟོའི་ཚོང་ལམ་ ལེགས་ཤོམ་མེདཔ།

༉ བཀྲ་ཤིས་གཡང་རྩེ་ མཆོད་རྟེན་སྐོར་ར་ལས་ཨིན་མི་ སྐྱེས་ལོ་༤༨ ལང་མི་ ཚེ་རིང་ཆོས་སྒྲོན་གྱིས་ མོང་སྒར་ལུ་ ཤག་བཟོཔ་མེད་མི་ལུ་བརྟེན་ ན་ཧིང་ལས་ མོ་རའི་རྨགཔ་དང་གཅིག་ཁར་ མོང་སྒར་ལུ་ སྡོད་གནས་སྤོ་འོང་ཞིནམ་ལས་ འཕྲུལ་ཆས་ཚུ་མཁོ་སྒྲུབ་འབད་དེ་ སྐྱིད་བདེ་མཁར་ཁྲོམ་གྱི་ལྟག་ལུ་ མོ་རའི་ཁྱིམ་གྱི་ཕྱི་ཁར་ ཤག་བཟོའི་ལཱ་ འགོ་བཙུགས་ཡོདཔ་ཨིན་པས།
མོ་རའི་ཕ་བརྒྱུད་བུ་བརྒྱུད་སྦེ་ ཕམ་ལས་ཐོབ་མི་ལག་རྩལ་དེ་ ལག་ལེན་འཐབ་སྟེ་ འོང་འབབ་དུམ་གྲ་རེ་བཟོ་ཞིནམ་ལས་ འཚོ་སྐྱོང་འཐབ་ནི་ལུ་དམིགས་ཏེ་ འདས་པའི་ལོ་ནང་ མོང་སྒར་ནགས་ཚལ་ཡིག་ཚང་ནང་ལས་ ལྦཝ་སྤོག་ནིའི་དོན་ལུ་ གནང་བའི་ཆོག་ཐམ་ལེན་ཞིནམ་ལས་ ལྦཝ་སྤོག་སྟེ་ བསྡུ་བསྒྱོམ་འབད་ཡོདཔ་ཨིན་པས
ཀོ་རི་ལ་དང་ ཉེ་འདབས་ཀྱི་ས་ཁོངས་ཚུ་ནང་ལས་ འཚོལ་ཏེ་སྤོག་མི་ལྦཝ་ཚུ་ སྐམ་བཅུག་ཞིནམ་ལས་ ན་ཧིང་ ཕོརཔ་༤༠ དེ་ཅིག་དང་ གྲུབ་ཕོར་༢༠༠ ལྷགཔ་ཅིག་ བཟོ་བའི་ཤུལ་ལས་ མོང་སྒར་ཚེས་བཅུའི་སྐབས་ དག་པ་ཅིག་ལས་ལྷག་ བཙོང་མ་ཚུགས་ནི་དེ་གིས་ ཐིམ་ཕུག་ཁྲོམ་ཁར་སྡོད་མི་ མོ་རའི་སྤུན་ཆ་ཅིག་ལུ་ བཙོང་བཅུག་སྟེ་ཡོད་རུང་ ནད་ཡམས་ཀོ་བིཊི་ལུ་བརྟེན་ བཙོང་མ་ཚུགས་པར་འདུག་ཟེར་ ཚེ་རིང་ཆོས་སྒྲོན་གྱིས་བཤདཔ་ཨིན་པས
ན་ཧིང་ བསྡུ་མི་ལྦཝ་ལྷག་རྒྱུ་ཚུ་གིས་ དུས་ཅི་ ཟླ་པ་༡༠༠ དེ་ཅིག་དང་ གྲུབ་ཕོར་༥༠ ཕོརཔ་༡༥ དེ་ཅིག་བཟོ་མི་དེ་ ད་རེས་ནངས་པར་ སེས་རྐྱབ་པའི་བསྒང་འདུག
དེ་བཟུམ་སྦེ་ ལྦཝ་མེན་པའི་ཤིང་གི་ དགེ་སློང་བཞེས་ཆ་གྲྭ་ཕོར་བཟོ་ནིའི་དོན་ལུ་ ཤིང་ཚུ་བསྡུ་བཞག་ཡོད་རུང་ བཟོ་ནིའི་ གཏན་འཁེལ་མེད་ཟེར་ཨིན་པས
ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ ཚོང་འབྲེལ་འཐབ་ས་ གཏན་འཁེལ་ཅིག་མེདཔ་ལས་ ག་ཏེ་བཙོང་ན་ མ་ཤེས་པར་ཡོད་ཟེར་ཨིནམ་ད་ ཨིན་རུང་ ནད་ཡམས་རེ་ཞི་བ་ཅིན་ ལོ་བསྟར་ཚེས་བཅུ་དང་ སྨོན་ལམ་ཆེན་མོ་འཚོགས་ས་ཚུ་ནང་ རེ་གཉིསམ་འབག་འགྱོ་ཞིནམ་ལས་ བཙོང་ནིའི་མནོ་བསམ་ཡོད་ཟེར་ཨིན་པས
ཚོང་ལམ་ལེགས་ཤོམ་མེད་ནི་དེ་གིས་ དུས་ཅི་ ལྦཝ་སྤོག་ནིའི་དུས་ཚོད་ལུ་ གནང་བ་ཡི་གུ་ཡང་མ་ལེན་པར་ བཤོལ་བཞག་འབད་ཡི་ཟེར་ ཚེ་རིང་ཆོས་སྒྲོན་གྱིས་ སླབ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *