མི་དབང་རྒྱལ་ཚབ་མཆོག་གིས་ ཉིན་མའི་ལྟོ་ཁ་ གནང་པའི་བསྒང།

མོང་སྒར་ལུ་ མི་དབང་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ཡོདཔ།

ཁ་ཙ་ མོང་སྒར་མི་མང་རྩེད་ཐང་ནང་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དབུ་བཞུགས་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ཡི།

དེ་བསྒང་ སློབ་གྲྭ་ཁག་དང་ མོང་སྒར་ཁྲོམ་སྡེ་གིས་ ཐུགས་སྤྲོའི་ལས་རིམ་སྣ་ཚོགས་ སྤྱན་འབུལ་ཞུ་བའི་ཁར་ རབ་སྡེ་གྲྭ་ཚང་གིས་ སྐུ་འཆམ་ཚུ་གི་ མཇལ་ཁ་གནང་ཡོདཔ་བཞིན་དུ་ མི་དབང་རྒྱལ་ཚབ་མཆོག་གིས་ དུས་སྟོན་བརྩི་སྲུང་ནང་འཛོམས་མི་ མི་སེར་བརྒྱ་ལས་བཅད་མི་ཚུ་ལུ་ ལྟོ་ཁ་ཅིག་ཡང་ གནང་ཡི།

དེ་ལས་ཕྱི་རུ་ མི་དབང་རྒྱལ་ཚབ་མཆོག་གིས་ རྒྱལ་པོའི་ཞིང་ཁྲོམ་གྱི་ཉེ་འདབས་ལུ་ གྱིབ་ཀྱི་རྩེད་ཐང་ནང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སྡེ་ཚན་དང་ བྷུ་ཊཱན་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་  ཕུཏ་བཱོལ་གྱི་ མཐའ་བཅད་རྩེད་འགྲན་འབད་མིའི་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཡི།

རྒྱལ་ཁ་ཐོབ་མི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཨང་༢ པ་ དེ་ལས་ ཨང་༣ པ་ཐོན་མི་ བསམ་གྲུབ་ལྗོངས་མཁར་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་དང་ རྒྱལ་རྟགས་ཚུ་ གནང་ཡི།

ཕུཊ་བཱོལ་འགྲན་བསྡུར་དེ་ མི་དབང་རྒྱལ་ཚབ་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་ནང་ ཤར་ཕྱོགས་རྫོང་ཁག་༦ ལས་ སྡེ་ཚན་༤༤ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *