༉ ཁ་ཙ་ ཞབས་དྲུང་སྐུ་མཆོད་དང་འབྲེལ་ མོང་སྒར་རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་གྱིས་ དབུ་བཞུགས་ཐོག་ དགེ་སློང་ཞལ་གྲངས་༡༠༠ དེ་ཅིག་གིས་ བདུན་ཕྲག་༡ གི་རིང་ འཇིག་རྟེན་དབང་ཕྱུག་འབུམ་ བསགས་གནང་མི་དེ་ གྲོལ་གནང་ཡི།
སྐྱིད་བདེ་མཁར་བཤད་གྲྭ་ནང་ཡང་ བཤད་གྲྭའི་དབུ་འཛིན་གྱིས་གཙོས་པའི་ དགེ་སློང་ཞལ་གྲངས་༡༠༠ དེ་ཅིག་ གིས་ ཉིན་གྲངས་༧ གྱི་རིང་ འཇིག་རྟེན་དབང་ཕྱུག་འབུམ་ བསགས་གནང་མི་དེ་ གྲོལ་ཡོདཔ་ཨིན་པས།
དེ་ལས་ ཝེང་མཁར་སྣག་ཚང་ནང་ཡོད་པའི་ ཞབས་དྲུང་འཇིགས་མེད་གྲགས་པ་གི་ ཞབས་ལྷམ་དང་ ན་བཟའ་ དེ་ལས་ ནང་རྟེན་ཚུ་ མི་མང་ལུ་ མཇལ་ཁ་གནང་ཡི།
ལྷུན་རྩེ་ཨའུ་མཚོ་ རྣམ་གྲོལ་གླིང་བཤད་གྲྭའི་ལྟག་ལུ་ཡོད་པའི་ དྲག་དམར་གནས་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕིཊ་༧ ལྷགཔ་ཅིག་འབད་མི་ ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ སྐུ་འདྲ་བཞེངས་གནང་མི་ལུ་ བཀྲིས་རབ་གནས་ མཛད་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།