མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་ནིའི་ ལོ་རྒྱུས་མེདཔ།

༉ རྒྱལ་ས་ལུ་སྡོད་མི་ ལ་ལོ་ཅིག་གིས་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འགྱོ་ནི་མས་ཟེར་བའི་ འཐོར་གཏམ་གོ་ཡོད་མི་དེ་ལུ་ ཚོང་འབྲེལ་ལས་ཁུངས་ཀྱི་ ཁ་ཐུག་ལས་འབད་བ་ཅིན་ ད་ལྟོ་ གོང་ཚད་ཡར་སེང་འབད་ནི་གི་ ལོ་རྒྱུས་ག་ཅི་ཡང་ མེད་ཟེར་ཨིན་པས།

མི་ཚུ་གིས་འབད་བ་ཅིན་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་དེ་ ལོག་ལྟབ་གསུམ་ལྟབ་སྦེ་ ཡར་སེང་འབད་ནི་ཨིནམ་ལས་ ཚོང་འབྲེལ་ལས་ཁུངས་ནང་ མེ་རླུང་གེསི་རྒྱ་རྫི་གི་ ཡིག་ཤོག་ཀཱཌ་ལེན་པར་སོང་རུང་ འགོ་དཔོན་ཚུ་གིས་ ད་ལས་ཕར་ བཟོ་མ་དགོ་པའི་ ལོ་རྒྱུས་ཚུ་སླབ་མས་ཟེར་ སླབ་ཨིན་པས།

ཨིན་རུང་ ཚོང་འབྲེལ་ལས་ཁུངས་ཀྱི་ ཚོང་འབྲེལ་འགོ་དཔོན་ བསོད་ནམས་མཚོ་མོ་གིས་ བཤད་མི་དང་འཁྲིལཝ་ད་ མེ་རླུང་རྒྱ་རྫི་གི་གོང་ཚད་ ཡར་སེང་འབད་ནི་ཨིན་པ་ཅིན་ དང་པ་ གེསི་བཀྲམ་སྤེལ་བ་ཚུ་གིས་ ཚོང་འབྲེལ་ལས་ཁུངས་ནང་ ཡི་གུ་གཏང་དགོཔ་མ་ཚད་ ཁོང་གིས་སྦེ་ རྒྱ་རྫི་བཀྲམ་སྤེལ་འབད་མི་ དམ་ཅན་དང་ བཀྲིས་ལུ་ བཀྲམ་དགོ་ཟེར་ཨིན་པས།

ཨིན་རུང་ ད་ལྟོ་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་བའི་སྐོར་ལས་ ཡི་གུ་དང་ བརྡ་དོན་ཚུ་ ག་ཅི་ཡང་ཐོབ་སྟེ་མེདཔ་ལས་ མི་བདེན་ཟེར་ཨིན་པས།

དེ་འབདཝ་ད་ མེ་རླུང་གེསི་རྒྱ་རྫི་ སོར་ནིའི་ཡིག་ཤོག་ཀཱཌ་དེ་ ཁུངས་མེད་ཟེར་མི་དེ་ མི་ཚུ་གིས་ གོ་བ་བརྡ་ལོག་སྦེ་ གོ་གོཝ་བཟུམ་ཅིག་འདུག་ཟེར་ཨིན་པས།

དེ་ཡང་ ཚོང་འབྲེལ་འགོ་དཔོན་གྱིས་འབད་བ་ཅིན་ ཚོང་འབྲེལ་ལས་ཁུངས་ཀྱིས་ ད་ལས་ཕར་ ཨེམ་ཀུ་པཱན་ཟེར་ གེསི་རྒྱ་རྫི་སོར་ནི་གི་ ཀཱཌ་དེ་ འགྲུལ་འཕྲིན་མོ་བ་ཡེལ་ནང་ ཨེཔ་རིམ་ལུགས་སྦེ་ བཙུགས་ཞིནམ་ལས་ ལག་ལེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

མ་གཞི་ ཞབས་ཏོག་དེ་ ཕུན་ཚོགས་གླིང་ལུ་ འགོ་བཙུགས་ཚར་ཏེ་ཡོད་རུང་ ཐིམ་ཕུག་ལུ་ འཕྲལ་མགྱོགས་ར་ ལག་ལེན་འཐབ་ནི་ འགོ་བཙུགས་འོང་ཟེར་ཨིན་པས།

ཕུན་ཚོགས་གླིང་གི་ སློབ་དཔོན་ཅིག་ཨིན་མི་ བསོད་ནམས་བཟང་མོ་གིས་ བཤད་མིའི་ནང་ ཚོང་འབྲེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ ཨེམ་ཀུ་པཱན་ཟེར་མི་དེ་ སྟབས་བདེ་ཏོག་ཏོ་ཅིག་ མ་མཐོང་ཟེར་ཨིན་པས།

མ་གཞི་ ཡི་གུ་ལྷག་ཤེས་མི་དང་ འགྲུལ་འཕྲིན་ནང་ ཨེཔ་ཡོད་མི་ དེ་ལས་ གློག་རིག་ཡོངས་འབྲེལ་ཡོད་མི་ཚུ་གིས་ ལག་ལེན་འཐབ་ཚུགས་ནི་ཨིན་རུང་ དཔེ་ཆ་མ་ཤེས་མི་དང་ དེང་སང་གི་ འགྲུལ་འཕྲིན་མེད་མི་ དེ་ལས་ འགྲུལ་འཕྲིན་ནང་ ཨེཔ་བཙུགས་མ་བཏུབ་མི་ཚུ་གིས་ ཞབས་ཏོག་དེ་ ལག་ལེན་འཐབ་མི་ཚུགས་ནི་མས་ཟེར་ཨིན་པས།

དེ་འབདཝ་ལས་ ཧེ་མ་བཟུམ་སྦེ་ ཀཱཌ་དེ་ར་ བཞག་པ་ཅིན་ མི་དྲག་ཞན་ཆེ་ཆུང་མེདཔ་ ག་ར་གིས་ དཀའ་ངལ་མེད་པར་ ལག་ལེན་འཐབ་ཚུགས་པའི་ འོས་འབབ་འདུག་ཟེར་ཨིན་པས།

གཞུང་གི་ཁ་ཐུག་ལས་ ཞབས་ཏོག་གསརཔ་ འགོ་བཙུགས་པའི་སྐབས་ལུ་ མི་སེར་ཚུ་གིས་ ཞབས་ཏོག་དེ་ ཕན་ཐོགས་ག་དེ་སྦེ་ཡོད་ག་ མི་སེར་ཚུ་གིས་ སྤྱོད་ཚུགས་པའི་ འོས་འབབ་ཡོད་མེད་བལྟ་སྟེ་ འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

ཨིན་རུང་ ཚོང་འབྲེལ་འགོ་དཔོན་གྱིས་ ཁོང་གི་ཁ་ཐུག་ལས་ མི་ཚུ་གིས ག་དེ་དྲག་དྲག་ ལེགས་ཤོམ་སྦེ་ སྤྱོད་ཚུགསཔ་བཟོ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *