མེ་རླུང་གེསི་གི་གོང་ཚད་ ཡར་སེང་སོང་ཡོདཔ།

༉ མེ་རླུང་གེསི་ རྒྱ་རྫི་རེ་ལུ་ གོང་ཚད་དངུལ་ཀྲམ་༤ རེ་ ཡར་སེང་འབད་མི་ལུ་བརྟེན་ སྤྱི་ཟླ་༨ པའི་ཚེས་༡ ལས་འགོ་བཙུགས་ཏེ་ཕུན་ཚོགས་གླིང་ལུ་ མེ་རླུང་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༤༦༩ རེ་ གནས་དོ་ཡོདཔ་ད་ གོང་ཚད་ཡར་སེང་སྐོར་ལས་ རྒྱ་གར་ལུ་ཡོད་པའི་ རྒྱ་གར་ས་སྣུམ་ལས་འཛིན་གྱིས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
གསལ་བསྒྲགས་དེ་ རྒྱལ་ཁབ་ནང་ བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་ལས་ཁུངས་ཀྱིས་ སྙན་ཞུ་འབད་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ཡོད་པའི་ མེ་རླུང་བཀྲམ་སྤེལ་ལས་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་ཡར་སེང་དེ་ རྒྱ་གར་གཞུང་གིས་ མེ་རླུང་གེསི་ གོ་ཡངས་ཀྱི་ཐོག་ལས་ བྱིན་མི་དེ་ མར་ཕབ་འབད་ནུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ གོ་ཡངས་ཀྱི་ཞབས་ཏོག་དེ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༤ ཡངས་ཆག་བཟོ་ཐོག་ལས་ འགྲོས་ཀྱིས་སྦེ་ ཞབས་ཏོག་ཡོངས་རྫོགས་མེདཔ་སྦེ་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་ལུ་བལྟ་བ་ཅིན་ མེ་རླུང་གེསི་གི་ གོང་ཚད་དེ་ ཟླ་རིམ་བཞིན་དུ་ འཛེགས་འགྱོ་ནི་ཨིནམ་ད་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་དེ་ ཤུལ་མའི་ ཟླ་ནང་ལས་ འཛེག་ནི་ཨིན་པའི་ ལོ་རྒྱུས་ག་ནི་ཡང་ མ་གོ་ཟེར་ཨིན་པས།
དུས་ཅི་འབད་བ་ཅིན་ མེ་རླུང་གེསི་གི་ གོང་ཚད་དེ་ སྤྱི་ཟླ་༤ པ་ལས་ འཛེག་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༣ པའི་ནང་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༤༥༠ གནས་མི་དེ་ སྤྱི་ཟླ་༤ པའི་ནང་ དངུལ་ཀྲམ་༤༥༦ ལུ་འཛེགས་ཡོདཔ་མ་ཚད་ སྤྱི་ཟླ་༥ པའི་ནང་ དངུལ་ཀྲམ་༤༦༡ དང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་༤༦༥ ལུ་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *