མེ་རྐྱེན་གྱིས་ ནགས་ཚལ་ཨེ་ཀར་༥ ལྷགཔ་ཅིག་འཚིགས་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ལུ་ མོང་སྒར་རྩ་མང་སློབ་གྲྭ་ཆུང་བའི་ ཉེ་འདབས་ལས་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་གིས་ ནགས་ཚལ་ཨེ་ཀར་༥ ལྷགཔ་ཅིག་ འཚིགས་བཏང་ཡོད་རུང་ ཚད་འཛིན་འབད་ཚུགས་ཅི།
དེ་ཡང་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ལུ་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ནགས་མེ་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ཚུགས་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནགས་ཚལ་མེ་རྐྱེན་ལུ་བརྟེན་ སྟོང་ཕུག་ཤིང་དང་ སྟོང་ཕུག་ཤིང་གི་ལྕངམ་ སྟོང་ཕྲག་ལས་བཅད་དེ་ མེདཔ་བཏངམ་མ་ཚད་ ཤིང་གི་ལྕངམ་གཞན་དང་ རི་དྭགས་སེམས་ཅན་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཅི་ཟེར་ ཨིན་པས།
མི་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ གནས་ཚལ་མེ་རྐྱེན་དེ་ རྩ་མང་སློབ་གྲྭ་ཆུང་བའི་ནང་ འཛམ་གླིང་ཆུའི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ ཆུ་ཉམས་བཅོས་དང་ རྐ་བཟོ་བར་འགྱོ་མི་ཚུ་ལུ་བརྟེན་ བྱུང་ཡོདཔ་བཟུམ་སྦེ་ མཐོང་ཡི་ཟེར་ཨིན་པས།
རྩ་མང་སློབ་གྲྭའི་ སློབ་དཔོན་ཚུ་གིས་འབད་བ་ཅིན་ འཛམ་གླིང་ཆུའི་ཉིནམ་བརྩི་སྲུང་དེ་ ནགས་ཚལ་འགོ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་ སློབ་གྲྭ་ནང་ འབོ་ཞིནམ་ལས་ སློབ་གྲྭའི་བཟང་ཚང་དང་ མཉམ་རུབ་ཐོག་ལས་ སློབ་གྲྭ་ནང་ ཆུའི་དཀའ་ངལ་ཡོད་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ སྡེ་ཚན་སྦེ་བཟོ་སྟེ་ ཆུ་རྐ་ཚུན་ ཉམས་བཅོས་དང་ ལྟ་རྟོག་འབད་བར་བཏང་པའི་སྐབས་ མེ་རྐྱེན་ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ལས་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *