མེ་རག་ལུ་ འགོ་ཐོག་དང་པ་ རྐང་རྩེད་ཕུཊ་སཱལ་འགྲན་བསྡུར་ འགོ་འདྲེན་འཐབ་ཡོདཔ།

༉ བཀྲིས་སྒང་མེ་རག་ལུ་ གནམ་གཤིས་གནས་སྟངས་རྩུབ་དྲགས་དང་ མཐུན་རྐྱེན་ཚུ་ ལངམ་སྦེ་མེད་མི་ལུ་བརྟེན་ཏེ་ རྩེད་འགྲན་ཚུ་ དེ་ཅིག་ར་ འགོ་འདྲེན་འཐབ་སར་ མཐོང་མི་ཚུགས་པས།
ཨིན་རུང་ དུས་ཅི་ ལོ་འགོ་བཙུགས་ཁམས་ལུ་ རྒེད་འོག་གི་སློབ་གྲྭ་ཆུང་བ་ནང་ རྩེད་ཐང་ཅིག་ཐོབ་ནི་དེ་གིས་ ལོ་ན་གཞོནམ་དང་ རྒན་རྒས་གཉིས་ཆ་ར་གིས་ དེ་ནང་འབྲེལ་གཏོགས་འབདཝ་ཨིན་པས།
རྐང་རྩེད་ཕུཊ་སཱལ་རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༧ ལུ་ འགོ་དང་པ་ འགོ་འདྲེན་འཐབ་མིའི་ནང་ སྡེ་ཚན་༥ གིས་བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྩེད་འགྲན་གྱི་བརྗོད་དོན་དེ་ཡང་ ཚོར་བ་མཉམ་སྡོད་ཀྱི་དགའ་ཚོར་ཟེར་ཨིན་པས།
མཐའ་བཅད་འགྲན་བསྡུར་ནང་ རྒེད་འོག་བདག་སྐྱོང་སྡེ་ཚན་གྱིས་ སློབ་གྲྭའི་ལས་བྱེདཔ་སྡེ་ཚན་ ཕམ་བཏང་ཡོདཔ་ཨིན་རུང་ སློབ་གྲྭའི་སློབ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྲོ་བའི་ལས་རིམ་དེ་ ཁོང་སློབ་ཕྲུག་ཚུ་གི་ རིག་རྩལ་ཡར་དྲག་གཏང་ནི་དང་ སྤྲོ་སྣང་འབྱུང་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སློབ་དཔོན་སངས་རྒྱས་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ རྩེདམོ་རྩེད་ཐངས་ལུ་བལྟ་སྟེ་ སེམས་ཤུགས་བསྐྱེད་བཅུགཔ་མ་ཚད་ རྒན་ཤོས་ཚུ་ཡང་ རྩེདམོ་ལུ་སྤྲོ་བ་བསྐྱེད་བཅུག་ཅི་ཟེར་ཨིན་པས།
སློབ་གྲྭའི་ས་ཁོངས་འོག་ལུ་ཡོད་པའི་ རྩེད་ཐང་དེ་ ན་ཧིང་ཚུན་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༣༥༠༠ ལུ་ གནས་ཡོད་པའི་ ས་གནས་ཀྱི་མི་ཚུ་གིས་ རྩེད་འགྲན་ལས་རིམ་ཚུ་ལུ་ སྤྲོ་བ་བསྐྱེདཔ་མ་ཚད་ རྩེད་ཐང་གསརཔ་དེ་ རྒེད་འོག་བདག་སྐྱོང་གིས་ བཟོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *