མདའ་རྩེདཔ་ཅིག་གིས་ མདའ་གི་ཤུལ་བདའ་སྟེ་ སྐད་རྐྱབ་འགྱོ་བའི་བསྒང་།

མེ་མེ་དང་ འབྲུག་གཡང་མགོ་སྣུམ་འཁོར་བཅོ་ཁང་གིས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི།

༉ ལོ་བསྟར་བཞིན་དུ་ གནམ་སོ་ཁའི་དུས་ཚོད་ལུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་རྗེས་དྲན་གྱི་ རང་ལུགས་སྤག་ཤིང་མདའ་གཞུའི་ མདའ་རྩེད་འགྲན་བསྡུར་དེ་ ཐིམ་ཕུག་ ལྕང་གླིང་མི་ཐང་ནང་ འགྲན་བསྡུར་འབད་བའི་བསྒང་འདུག།
ནོག་ཨའུཊ་ལམ་ལུགས་ཐོག་ལས་ རྩེད་འགྲན་འབད་མི་ འགྲན་བསྡུར་དེ་ཡང་ སྡེ་ཚན་ཀ་པ་དང་ ཁ་པ་སྦེ་ བཟོ་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ འབའ་སྐྱོར་འོག་མའི་ནང་ སྡེ་ཚན་ཀ་པའི་གྲས་ལས་ བསམ་གྲུབ་ལྗོངས་མཁར་རྩེད་རིགས་ཚོགས་སྡེ་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ རྒྱལ་ཕམ་ཕེྱ་མ་ཚུགས་པར་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ལྟག་གི་འབའ་སྐྱོར་ནང་ མེ་མེ་དང་ འབྲུག་གཡང་མགོ་སྣུམ་འཁོར་བཅོ་ཁང་གི་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་རུང་ རྒྱལ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
འགྲན་བསྡུར་དེ་ཡང་ འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ མི་དབང་འབྲུག་རྒྱལ་༣ པ་མཆོག་གི་ རྗེས་དྲན་ལུ་དམིགས་ཏེ་ཨིནམ་མ་ཚད་ རྒྱལ་ཁབ་ནང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ རྐྱབ་སྲོལ་ཡོད་པའི་ རྒྱལ་ཡོངས་ཀྱི་རྩེདམོ་དེ་ ཡར་དྲག་གཏང་ནི་དང་ རང་ལུགས་ཀྱི་རྩེདམོ་དེ་ ལྷག་པར་དུ་ མ་འོངས་པའི་ན་གཞོན་ཚུ་ལུ་ ཁྱབ་སྤེལ་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྩེད་འགྲན་ནང་ རྒྱལ་ཁབ་ནང་འཁོད་ལས་ སྡེ་ཚན་༢༨ ཀྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༥ དང་༦ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *