རྡོ་རོ་ཁ་ཁྲོམ།

མི་སེར་ལུ་ ཕན་ཐོགས་པའི་འདེམས་ངོ་དང་ ཁས་བླངས་གསལ་བསྒྲགས་ལུ་ ཆ་བཞག་དོ་ཡོདཔ།

༉ བསམ་རྩེ་ལུ་ སྤྱིར་བཏང་རྡོ་རོ་ཁ་ཟེར་མི་ རྡོ་ཕུག་ཅན་རྡོ་སྒར་གཡུས་ཚན་ནང་ལས་ སྐྱེས་ལོ་༧༠ དང་༨༠ ཀྱི་བར་ན་ཨིན་ཟེར་སླབ་མི་ དབྱངས་སྐྱིད་ཀྱི་དོན་ལུ་ ཚོགས་རྒྱན་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ མོ་གིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་ཡོདཔ་ད་ སྤྱིར་བཏང་བཙག་འཐུ་ནང་ཡང་ ཚོགས་རྒྱན་བཙུགས་ནིའི་མནོ་བསམ་ཡོདཔ་ཨིན་པས།
མ་གཞི་ མོ་གིས་ ཚོགས་པ་དང་ འདེམས་ངོའི་མིང་ མི་ཤེས་དོ་ཡོད་རུང་ མོ་གི་ཁྱིམ་ནང་ སྐུལ་བསྒྲགས་ནང་འོང་མི་ འདེམས་ངོ་ཅིག་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
རྡོ་ཕུག་ཅན་དེ་ རྡོ་ཕུག་ཅན་-རྟ་ལྡིང་འདེམས་ཁོངས་ནང་ཨིནམ་ད་ འདེམས་ཁོངས་འོག་ལུ་ རྡོ་ཕུག་ཅན་དང་ བདེན་ཅུ་ཁ་དུམ་སྟོད་ དེ་ལས་ རྟ་ལྡིང་རྒེད་འོག་༤ ཡོདཔ་ཨིན་པས།
རྡོ་ཕུག་ཅན་-རྟ་ལྡིང་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༣,༢༣༡ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་པས།
སྤྱིར་བཏང་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པའི་ ཋ་ཀུར་སིང་ པཱཝ་ཌེལ་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ལོག་ནཐི་ཤར་མ་༢ དོ་འགྲན་འབད་དོ་ཡོདཔ་ད་ ཁོང་༢ ཀྱི་བར་ན་ དོ་འགྲན་སྦོམ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཨང་དང་པ་དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཨང་༢ པ་ཐོན་ཡོདཔ་ད་ ཁོང་གི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་༢༢༦ རྐྱངམ་གཅིག་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢,༡༦༣ ཐོབ་ཡོད་པའི་ཤུལ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༢,༤༥༣ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཐོག་ཚོགས་རྒྱན་ནང་ ༢༡༦༣ ཐོབ་མི་འདི་ ཚོགས་པ་༤ གི་གྲས་ལས་མཐོ་ཤོས་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༧༩༢ ཐོབ་མི་འདི་ ཚོགས་པ་༤ གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
རྡོ་ཕུག་ཅན་གྱི་ ལྟ་རྟོག་འབད་མི་ཚུ་གིས་ སླབ་མིའི་ནང་ གྲུབ་འབྲས་དེ་གིས་ ཋ་ཀུར་སིང་ པའུ་ཌེལ་དེ་ གཡུས་སྒོ་ནང་ ཡོངས་གྲགས་དང་ མཉམ་རུབ་ཚོགས་པ་དེ་ ཁྲོམ་ཁར་མངམ་ཡོངས་གྲགས་ཡོད་པའི་ རྟགས་མཚན་ཨིན་མས་ཟེར་ཨིན་པས།
ཋ་ཀུར་སིང་ ཚོགས་པའི་འདེམས་ངོ་སྦེ་ མ་འཐོན་པའི་ཧེ་མར་ འབྲུག་མཉམ་རུབ་ཚོགས་པའི་རྒྱབ་སྐྱོར་པ་ཚུ་ འདེམས་ཁོངས་དེ་ནང་ འཐུས་མི་བགྲེསཔ་ཡོད་རུང་ རྒྱལ་ཁ་ཐོབ་ནིའི་རེ་བ་བསྐྱེད་ཡོད་རུང་ ད་རེས་ནངས་པར་ ག་གིས་རྒྱལ་ཁ་འཐོབ་འོང་ག་ ཏན་ཏན་ཅིག་མེདཔ་ཨིན་པས།
རྡོ་ཕུག་ཅན་གྱི་ འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ བུདྷ་ལེབ་ཅ་གིས་ སླབ་མི་དང་འཁྲིལཝ་ད་ འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་འོང་ཟེར་ཨིནམ་ད་ ད་ལྟོ་ འགྱུར་བ་གི་དོན་ལུ་སྒུག་སྟེ་ཡོདཔ་ད་ འདེམས་ཁོངས་ནང་ལས་ རྒྱལ་ཁ་ཐོབ་དགོཔ་འདི་ཁག་ཆེ་ཟེར་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་པ་ཅིན་ འཐུས་མི་དེ་ ལྡོག་ཕྱོགས་ལས་ གཞུང་སྐྱོང་ནང་ དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ ཊ་ལེ་འབྲུག་པ་གིས་ སླབ་མིའི་ནང་ འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་འཐོབ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གྲུབ་འབྲས་དེ་ ལེགས་ཤོམ་འཐོན་འོང་མནོ་བའི་རེ་བ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ རྒྱལ་ཁ་འཐོབ་ནིའི་ལཱ་འབད་ནིའི་དོན་ལུ་ རྩ་འགེངས་ཏེ་ཡོད་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ ཐག་བཅད་ཡོདཔ་ད་ སྐྱེས་ལོ་༧༡ ལང་མི་ ཕུར་པ་གིས་ སླབ་མིའི་ནང་ འདེམས་ངོ་༢ ཆ་ར་གིས་ སྐུལ་བསྒྲགས་ནང་འོང་ཡི་ཟེར་ཨིནམ་ད་ ཁོ་གིས་ མི་སེར་དང་རྒྱལ་ཁབ་ལུ་ ཕན་ཐོགས་མི་འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ནིའི་ མནོ་བསམ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་ག་གིས་ རྒྱལ་ཁ་འཐོབ་རུང་ དགོས་མཁོ་ཅན་གྱི་མི་ཚུ་ལུ་ ཆུ་ཞིང་ནང་ ཁྱིམ་རྐྱབ་བཅུག་དགོ་ཟེར་ཨིན་པས།
ད་རུང་ མི་ཚུ་གི་སེམས་ཁར་ སྤྱིར་བཏང་བཙག་འཐུའི་གྲུབ་འབྲས་དེ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རག་ལས་འོང་ཟེར་ཨིནམ་ད་ འགོ་ཐོག་བཙག་འཐུ་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡,༦༤༨ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༩༥༨ ཐོབ་ཡོདཔ་ཨིན་པས།
ཚོགས་པ་གཞི་བཙུགས་འབད་བའི་ ཉིནམ་ལས་འགོ་བཙུགས་ཏེ་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཨིན་མི་ ཁེམ་ནཱཐི་ནེ་པཱལ་གྱིས་ སླབ་མིའི་ནང་ ད་ལྟོ་ ག་ལུ་བཙུགས་ནི་ཨིན་ནི་ ཐག་བཅད་མ་ཚུགས་པར་ཡོདཔ་ད་ ཁོ་དེ་ ད་ལྟོ་ སྦུག་ན་ཨིནམ་བཞིན་དུ་ མི་སེར་ཚོགས་པའི་ རྒྱབ་སྐྱོར་པ་མང་ཤོས་ར་ ཐག་བཅད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁེམ་ནཱཐི་ནེ་པཱལ་གྱིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་གཙོ་ཅན་ཚུ་བརྩིས་ཏེ་ རྒྱབ་སྐྱོར་པ་བརྒྱ་ཆ་༦༠ དེ་ཅིག་ ཐག་བཅད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་དང་ མི་སེར་ལུ་ཕན་ཐོགས་པའི་ འདེམས་ངོ་དང་ ཁས་བླངས་གསལ་བསྒྲགས་ལུ་ ཆ་བཞག་དགོ་ཟེར་ཨིན་པས།
རྡོ་ཕུག་ཅན་ཁྲོམ་གྱི་ཚོང་པ་ དིལ་མ་ཡ་རའི་གིས་ སླབ་མིའི་ནང་ ད་ལྟོ་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་མ་བཅད་པར་ཡོད་ཟེར་ཨིནམ་ད་ འདེམས་ངོ་དྲག་ཤོས་དེ་ལུ་ར་ ཚོགས་རྒྱན་བཙུགས་དགོཔ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *