མི་སེར་དམངས་གཙོ་ཚོགས་པ་གིས་ འབུམ་སྡེ་གླིང་-འཇམ་མཁར་ལུ་ སྐུལ་བསྒྲགས་འབད་ཡོདཔ།

༉ ང་ནཱ་འོང་དགོ་པའི་ དོན་དག་ཟེར་རུང་ དམིགས་ཡུལ་ཟེར་རུང་ ཁྱེད་མི་སེར་ཚུ་ལས་ ཚོགས་རྒྱན་ལྷང་པ་ཨིན། སྤྱི་ལོ་༢༠༠༨ དང་༢༠༡༣ གྱི་བཙག་འཐུ་ཚུ་ནང་ མི་སེར་དམངས་གཙོ་ཚོགས་པ་དེ་ འབུམ་སྡེ་གླིང་-འཇམ་མཁར་འདེམས་ཁོངས་ནང་ལས་ ཕམ་སོ་ཡི་ཟེར་ ཁ་ཙ་དྲོ་པར་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ དགའ་འཛུམ་དང་བཅསཔ་སྦེ་སླབ་ཅི།

དུས་ཅི་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ནང་ འདེམས་ཁོངས་དེ་གི་ མི་སེར་ཚུ་གིས་ ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བཙུགས་ནི་ཨིན་ན་ཟེར་ གཙོ་འཛིན་གྱིས་ དྲི་བ་བཀོད་པའི་ལན་ལུ་ མི་སེར་ཚུ་གི་ ཁ་ཐུག་ལས་ བཙུགས་འོང་ཟེར་ ལན་ ཤུགས་སྦེ་ར་ཞུ་ཡི།

ཚོགས་པའི་གཙོ་འཛིན་གྱིས་ སྲིད་དོན་ཚོགས་པ་ཚུ་གི་ ཁས་བླངས་གསལ་བསྒྲགས་འབད་ནི་དེ་ འཇམ་ར་འཇམ་ཟེར་ བཤད་པའི་ཁར་ ཁས་བླངས་དེ་ འབད་ཚུགས་མི་ཚུགས་ བལྟ་དགོཔ་བཞིན་དུ་ འབད་ནི་ཨིན་མི་དེ་ འབད་ཚུགས་ནི་མས་ཟེར་ མནོ་བསམ་གཏང་པ་ཅིན་ ཚོགས་རྒྱན་དེ་བསྒང་བཙུགས་གནང་ཟེར་བཤད་ཅི།

འདས་པའི་ལོ་༥ འི་ནང་འཁོད་ནང་ འབད་ནི་ཨིན་ཟེར་ ཁས་བླངས་འབད་མི་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ གྲུབ་ཚུགས་ཅི་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ཚོགས་པ་ལུ་ འབད་ཚུགས་པའི་ ཉམས་མྱོང་ཡོད་ཟེར་ཨིནམ་ད་ འབད་ཚུགས་མི་ དང་པ་དེ་ སློབ་གྲྭ་ལྟེ་བ་དང་ ཤར་ཕྱོགས་ལས་ནུབ་ཕྱོགས་ཀྱི་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་ཨིན་ཟེར་ བཤད་ཅི།

ལཱ་དེ་ ཧེ་མ་ལས་ར་འབད་ནི་ འགོ་བཙུགས་ཏེ་ ཁས་བླངས་ཀྱི་ཐད་ལུ་ ད་རེས་འབད་དོ་ཟེར་ཨིནམ་ད་ ཁས་བླངས་འབད་མི་དེ་ འབད་ཚུགས་ཟེར་མི་དེ་ ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ཨིནམ་བཞིན་དུ་ འབད་ཚུགས་པའི་ དོན་དག་གཞན་དེ་ ཚོགས་པའི་འདེམས་ངོ་༤༧ ག་ར་ སྒྲིང་སྒྲི་ཡོད་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་ཅི།

ཁས་བླངས་གསལ་བསྒྲགས་ལེ་ཤ་ཡོད་མིའི་གྲས་ལས་ རྒེད་འོག་ག་ར་གི་ འཁོར་ལམ་རྩི་ནག་བཏང་མི་དེ་ བདག་འཛིན་འབད་ནི་དང་ ཞིང་ལམ་ཚུ་ ལེགས་བཅོས་འབད་ནི་ རྒེད་འོག་རེ་རེ་ལུ་ ས་བརྐོ་འཕྲུལ་ཆས་ཆུང་ཀུ་རེ་བྱིན་ནི་དང་ རྒེད་འོག་ག་རའི་ནང་ གནམ་གྲུ་ཧེ་ལེ་ཀོབ་ཊར་ཆགས་ས་རེ་ བཟོ་ནི་ཟེར་ཨིན་པས།

རྒེད་འོག་རེ་ནང་ སློབ་གྲྭ་ལྟེ་བ་རེ་དང་ སྤྱི་འོག་ག་རའི་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་ བཙུགས་ནི་གི་ ཁས་བླངས་འབད་ཡོདཔ་མ་ཚད་ སྨན་ཁང་རེ་ལུ་ དྲུང་འཚོ་མཁས་མཆོག་རེ་ བགོ་བཀྲམ་འབད་ནི་དང་ རྒེད་འོག་ལུ་ ནདཔ་སྐྱེལ་ལེན་སྣུམ་འཁོར་རེ་ཡང་ བྱིན་འོང་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ གནས་བརྟན་རྡོ་རྗེ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *