མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ གནམ་གྲུ་གསརཔ་ འགོ་འབྱེད་གནང་ཡོདཔ།

༉ ཁ་ཙ་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ སྤ་རོ་གནམ་ཐང་ནང་ A5-JKW Drukair ཟེར་མི་ འབྲུག་མཁའ་འགྲུལ་གསརཔ་དེ་ གཞུང་འབྲེལ་ཐོག་ འགོ་འབྱེད་གནང་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གུས་བཏུད་ལུ་ མིང་བཏགས་མི་ གནམ་གྲུ་དེ་ ནད་ཡམས་མ་ཐོན་པའི་ཧེ་མར་ སྤྱི་ལོ་༢༠༢༠ ཟླ་༣ པའི་ནང་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།

ད་རུང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ལེགས་བསྒྱུར་རྒྱ་ཆེ་དྲགས་འབད་མི་ གནམ་ཐང་དེ་ནང་ཡང་ གཟིགས་སྐོར་གནང་ནུག།

འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་གྱི་ རྒྱབ་སྐྱོར་ཐོག་ལུ་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ལེགས་བསྒྱུར་འབད་མིའི་ལཱ་ནང་ འབྲུག་གི་ལག་རྩལ་མཁས་མཆོག་དང་ བཱསིཊ་རིས་མོ་ལས་སྡེའི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

མི་དབང་མངའ་ཞབས་མཆོག་གིས་ སྤ་རོ་གནམ་ཐང་དེ་ འབྲུག་གི་དོན་ལུ་ གལ་གནད་ཅན་གྱི་ འཛུལ་སྒོ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ སྒྱུ་རྩལ་དང་ བཟོ་བཀོད་ མཛེས་ཆ་དང་ལྡན་པའི་ཁྱད་ཆོས་ དེ་ལས་ འབྲུག་པའི་ལག་རྩལ་མཁས་མཆོག་ཚུ་གི་ ལཱ་ཤུལ་ཚུ་ གསལ་སྟོན་འབད་སའི་ ཡུལ་ཅིག་སྦེ་ བཟོ་དགོ་པའི་ བཀའ་རྒྱ་གནང་མི་དང་བསྟུན་ གནམ་ཐང་ལེགས་བཅོས་ཀྱི་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་མི་ལག་རྩལཔ་༧༠ ལྷགཔ་ཅིག་གིས་ གནམ་ཐང་ནང་ གསལ་སྟོན་འབད་ནིའི་ ལཱ་ཚུ་ལུ་ ལྷན་ཐབས་འབད་ཡོདཔ་བཞིན་དུ་ གནམ་ཐང་ལེགས་བསྒྱུར་འབད་མིའི་ནང་ ལྡུམ་ར་དང་ ལྡེབས་རིས་ཚུ་ཡང་ཡོད་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *