མི་དབང་རྒྱལ་བཙུན་མཆོག་ བློན་ཆེན་དང་ གསོ་བ་བློན་པོའི་ཁྲི་འཛིན་ཐོག་ལུ་ པདྨ་ལྟེ་བའི་ཡིག་ཚང་གི་ བཀོད་ཚོགས་འཐུས་མི་ དེ་ལས་ ཡིག་ཚང་གི་ ལས་བྱེདཔ་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་རྒྱལ་བཙུན་མཆོག་གིས་ པདྨ་ལྟེ་བ་ འགོ་འབྱེད་གནང་ཡོདཔ།

༉ ཁ་ཙ་དྲོ་པ་ མི་དབང་རྒྱལ་བཙུན་མཆོག་ སེམས་ཁམས་འཕྲོ་བསྟེན་ལུ་ རྒྱལ་ཡོངས་ལས་ ངོས་ལེན་འབད་མི་ ལས་སྡེ་ཅིག་ཨིན་མི་ པདྨ་ལྟེ་བའི་དྲུང་ཆེན་ཡིག་ཚང་ འགོ་འབྱེད་རྟེན་འབྲེལ་ནང་  དབུ་བཞུགས་མཛད་གནང་ནུག།

པདྨ་ལྟེ་བའི་དྲུང་ཆེན་ཡིག་ཚང་དེ་ མི་དབང་རྒྱལ་བཙུན་མཆོག་གི་ བཀའ་རྒྱ་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ད་ དྲུང་ཆེན་ཡིག་ཚང་གི་ དམིགས་ཡུལ་ངོ་མ་ར་ མི་སྡེ་ནང་ སེམས་ཁམས་འཕྲོད་བསྟེན་ གོང་འཕེལ་གཏང་ནི་དང་ འབྲུག་མི་ཡོངས་ཀྱི་ ཕན་བདེའི་ལྷན་ཐབས་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ལྟེ་བ་གིས་ སེམས་ཁམས་འཕྲོ་བསྟེན་དང་འབྲེལ་བའི་ སྲིད་བྱུས་དང་ ལས་རིམ་གཞི་བཙུགས་འབད་ནི་ མི་སྡེ་འབྲེལ་གཏོགས་དང མཉམ་འབྲེལ་ཡར་དྲག་གཏང་ནི་ དེ་ལས་ ཞབས་ཏོག་སྤྲོད་ལེན་མཐུད་སྦྲེལ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།

དེ་བཟུམ་སྦེ་ སེམས་ཁམས་ཀྱི་ ངོ་སྤྲོད་དང་ སྨན་བཅོས་ཡར་དྲག་གཏང་ནི་ ཕྱི་གཟུགས་སྨན་བཅོས་དང་ མི་ཚེ་ལེགས་བཅོས་ཀྱི་ ཞབས་ཏོག་ཚུ་ཡང་ བྱིན་ནི་ཨིན་པས།

དྲུང་ཆེན་ཡིག་ཚང་ལུ་ ཁག་ཆེ་བའི་ གནད་དོན་གསུམ་ཡོད་མི་དེ་ཡང་ རང་གནོད་སྔོན་འགོག་ རྩུབ་སྤྱོད་བཀག་ཐབས་དང་ ངོས་ལེན་འབད་ནི་ དེ་ལས་ སྨྱོས་རྫས་ལག་ལེན་བཀག་ཐབས་དང་ བདག་འཛིན་འབད་ནི་ཚུ་ཨིན་པས།

ཡིག་ཚང་གི་ འགན་དབང་དེ་ ཁུངས་ལྡན་ཐོག་ལས་ སེམས་ཁམས་དང་འབྲེལ་བའི་ ཞབས་ཏོག་སྤྲོད་ནི་དེ་ཨིན་པས།

སྡེ་ཚན་གྱིས་ འགོ་དང་པ་ར་ སེམས་ཁམས་ཀྱི་ ནད་གཞི་ཐོབ་མི་ཚུ་ལུ་ རྒྱབ་སྐྱོར་བྱིན་ནིའི་དོན་ལས་ ལས་སྡེ་ཅིག་ གཞི་བཙུགས་འབད་ནི་དང་ ལམ་ལུགས་དེ་ལུ་བརྟེན་ཏེ་ ཁོང་རའི་བཟའ་ཚང་དང་ གཅེས་སྐྱོང་པ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིན་པས།

དྲུང་ཆེན་ཡིག་ཚང་དེ་ མི་དབང་རྒྱལ་བཙུན་མཆོག་གི་ ལམ་སྟོན་དབུ་ཁྲིད་འོག་ལུ་ བཀོད་ཚོགས་ཅིག་དང་ ཤེས་ཡོན་གྱི་ རྒྱབ་ཁུངས་མ་འདྲཝ་ཡོད་མི་ ལས་བྱེདཔ་ཚུ་གིས་ འཛིན་སྐྱོང་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *