༉ ཁ་ཙ་ མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་༢༨ བཞེས་པའི་ འཁྲུངས་སྟོན་གྱི་ ཉིནམ་ཁྱད་པར་ཅན་དང་བསྟུན་ གླ་འཁོར་ཚོགས་པ་དང་ བརྒྱ་འཁོར་སོ་ནམ་པའི་ཚོང་ཁྲོམ་གྱི་འཐུས་མི་ དེ་ལས་ རྒྱལ་ཡོངས་སྒོ་ནོར་སྨན་ཁང་དང་ གསོ་བའི་ཞབས་ཏོག་གི་ ལས་བྱེདཔ་ཚུ་གིས་ གླིང་ཀ་ན་ཕོ་བྲང་ནང་སྦེ་ མི་དབང་རྒྱལ་བཙུན་མཆོག་ལུ་ ལེགས་སྨོན་དང་བཅས་ བཀྲིས་ཁ་དར་ཕུལ་ཡོདཔ་ད་ སྡེ་ཚན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་སྲས་རྣམ་གཉིས་ ལྷན་འཛོམས་ཐོག་ལུ་ མཇལ་ཕྲད་མཛད་གནང་ནུག།
མི་དབང་རྒྱལ་བཙུན་མཆོག་ སྤྱི་ལོ་༡༩༩༠ ཟླ་༦ པའི་ཚེས་༤ ལུ་ སྐུ་འཁྲུངས་ནུག།
མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་ དགོངས་བཞེད་དང་བསྟུན་ དུས་སྟོན་གལ་ཅན་ཚུ་གི་སྐབས་ལུ་ མི་སེར་དྲག་ཞན་མེད་པར་ག་ར་ གླིང་ཀ་ན་ཕོ་བྲང་ནང་ འོང་ཐོག་ལས་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ བཀྲིས་ལེགས་སྨོན་ཕུལ་ནི་གི་ གོ་སྐབས་གནངམ་ཨིན་པའི་གནས་ཚུལ།
