༉ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་འདུས་ཕོ་བྲང་སྲས་ཕུག་རྒེད་འོག་ནང་ཡོད་མི་ བུ་ས་དབང་འདུས་དགོན་པ་ལུ་ གཏེར་སྟོན་རྡོ་རྗེ་གླིང་པའི་ སྐུ་རྟེན་ཅིག་ ཕུལ་ཡོདཔ་ཨིན་པས།
བུ་ས་དབང་འདུས་དགོན་པ་དེ་ དུས་རབས་༡༧ པའི་ནང་ གཏེར་སྟོན་རྡོ་རྗེ་གླིང་པའི་ཐུགས་སྲས་ བཀྲིས་བསྟན་འཛིན་གྱིས་ གདན་ས་བཅགས་གནང་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ མི་དབང་མཆོག་དང་ ཞལ་མཇལ་གསུང་ཐོས་ཀྱི་ གོ་སྐབས་བཟང་པོ་ལེན་ནིའི་དོན་ལུ་ སྤུངས་འཛོམས་འབད་མི་ སྲས་ཕུུག་སྤྱི་འོག་༥ འི་ མི་སེར་ཚུ་ལུ་ ལྟོ་ཁ་ཅིག་ གནང་ཡོདཔ་ཨིན་པས།
མགར་ས་རྫོང་ཁག་ ལུང་ནག་ནང་ལུ་ ཆིབས་སྐྱོད་གནང་པར་ བྱོན་ཡོད་མི་ མི་དབང་མཆོག་གིས་ ཉིནམ་དག་པ་ཅིག་གི་རིང་ ལ་མཐོ་ས་ དཔེར་ན་ གཏམ་དཔེ་ལ་དང་ རིན་ཆེན་མཛོད་ལ་ ལོ་རྒྱུས་ལ་ བྱ་བཞི་ལ་ཚུ་བརྒལ་ཏེ་ ཞབས་སྟོང་སྦེ་ འབྱོན་ནི་ཨིན་པའི་གནས་ཚུལ།
