མི་དབང་མཆོག་གིས་ དྲུང་ཆེན་དང་ རྫོང་བདག་ཚུ་ བསྐོ་བཞག་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་གསརཔ་དང་ པདྨ་དགའ་ཚལ་དང་ཐིམ་ཕུག་རྫོང་ཁག་གི་ རྫོང་བདག་ཚུ་ བསྐོ་བཞག་ཐོག་ལས་ ལེགས་དར་གནང་ཡི།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་གསརཔ་དེ་ ཧེ་མར་ བ་རཱ་སེལསི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ གཞུང་ཚབ་སྦེ་ ཕྱག་ཞུ་མི་ ཚེ་རིང་རྒྱལ་མཚན་དཔལ་འབྱོར་ཨིན་པས།
པདྨ་དགའ་ཚལ་གྱི་ རྫོང་བདག་གསརཔ་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ མདོ་ཆེན་སྦེ་ཕྱག་ཞུ་མི་ བཀྲིས་ཟླ་བ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕུརཔ་རྡོ་རྗེ་དེ་ ཐིམ་ཕུག་རྫོང་བདག་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *