མི་དབང་མཆོག་གིས་ དྲུང་ཆེན་དང་ ལྷན་འཛིན་ རྫོང་བདག་ཚུ་ལུ་ དར་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞབས་ཏོག་ལྷན་ཁག་གི་ དྲུང་ཆེན་གསརཔ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལྷན་འཛིན་གསརཔ་ཅིག་ དེ་ལས་ ཐིམ་ཕུག་དང་ བུམ་ཐང་གི་ རྫོང་བདག་གསརཔ་གཉིས་ལུ་ ལེགས་དར་གནང་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ བཙན་སྐྱོགས་ནོར་བུ་དེ་ ཞབས་ཏོག་ལྷན་ཁག་གི་ དྲུང་ཆེན་དང་ རྩི་རང་གི་ རྫོང་བདག་བགྲེསཔ་ ངག་དབང་དཔལམོ་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལྷན་འཛིན་སྦེ་ བསྐོ་བཞག་གནང་ནུག།
དེ་ལས་ ལས་གཡོག་ལྷན་ཁག་ ལས་གཡོག་གནས་ཚད་ལས་ཁུངས་ཀྱི་ མདོ་ཆེན་བགྲེསཔ་ རྡོ་རྗེ་ཚེ་རིང་དེ་ ཐིམ་ཕུག་རྫོང་བདག་དང་ ཐིམ་ཕུག་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་བགྲེསཔ་ པ་སངས་རྡོ་རྗེ་དེ་ བུམ་ཐང་རྫོང་བདག་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *