༆འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༨ བཞེས་པའི་ སྐུའི་འཁྲུངས་སྐར་དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་ཞུ་ནི་དང་འབྲེལ་ ཀུན་གསལ་ལས་འཛིན་གྱི་ ཁ་ཐུག་ལས་ མི་དབང་མངའ་ཞབས་མཆོག་ལུ་ འཁྲུངས་སྐར་གྱི་ བཀྲ་ཤིས་ལེགས་སྨོན་ཞུ་ནི་དང་གཅིག་ཁར་ མི་དབང་མཆོག་ སྐུ་ཚེ་ཞབས་པད་བརྟན་ཅིང་ མཛད་པ་འཕྲིན་ལས་ དར་ཞིང་རྒྱས་ཏེ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ལྷག་པར་དུ་ དགའ་སྐྱིད་ཀྱི་ཉིམ་ཤར་ཏེ་ གོང་ལས་གོང་དུ་ འཕེལ་བཅུག་ཟེར་ སྨོན་འདེབས་ཕུལཝ་ཨིན།
