མི་༡ ལུ་ གྱི་གསོབ་པའི་བཙོན་ཁྲིམས་ ལོ་༡ བཀལ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ སྦོང་སྒོ་ཨ་རི་ཁ་ལས་ སྐྱེས་ལོ་༥༩ ལང་མི་ ཕོ་སྐྱེས་དེ་གིས་ གཡུས་ཚན་གྱི་མཉམ་རོགས་ སྐྱེས་ལོ་༥༦ ལང་མི་ལུ་ གྱི་གསོབ་མི་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཅན་ལུ་ བཙོན་ཁྲིམས་ལོ་༡ བཀལ་ནུག།
བྱུང་རྐྱེན་དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཉམས་རྒུདཔ་ལྕགས་ཀྱུ་དང་ རྩོད་ཟླ་པ་སངས་དེ་ ཁྱིམ་ཚང་ཅིག་གི་ཁྱིམ་ནང་ ཕྱད་པའི་ཤུལ་ལས་ བྱུང་ཡོདཔ་ད་ དེ་བསྒང་ ཉམས་རྒུདཔ་གིས་ པ་སངས་ལུ་ ཧད་བཏགས་འཚོལ་ཏེ་ ལྕགས་ཀྱུའི་བུམོ་ལུ་ ཨར་རྐུན་དང་ བརྡུང་རྫོབ་འབད་བའི་ ཁ་ཉེས་བཀལ་ནུག་ཟེར་ཨིན་པས།
ཁོང་༢ འཐབ་འཛིང་འབདཝ་ད་ པ་སངས་ཀྱིས་ ཚིག་ངན་དང་ བཙོག་གཏམ་ཚུ་ སླབ་ཡོདཔ་མ་ཚད་ སྒྲོ་གཟུགསམ་བཏོན་ཏེ་ ལྕགས་ཀྱུའི་བརླག་དོ་གུ་ གསོབ་བྱིན་ཡོདཔ་ཨིན་པས།
དགེ་འདུ་སྨན་ཁང་གི་ སྙན་ཞུ་དང་འཁྲིལཝ་ད་ གྱི་གསོབ་པའི་ རྨ་སྐྱོན་སྦོམ་བཏོན་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཁོང་༢ ཆ་ར་འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ ཟླཝ་༡ དང་ཞག་༡༦ བཞག་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ པ་སངས་ལུ་ བཙོན་ཁྲིམས་ལྷག་ལུས་ཀྱི་ བཙོན་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་མ་ཚད་ ལྕགས་ཀྱུ་ལུ་ གྱི་གསོབ་པའི་ རྒུད་འཐུས་དངུལ་ཀྲམ་༤༥,༠༠༠ སྤྲོད་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་བཟུམ་སྦེ་ ལྕགས་ཀྱུ་གིས་ ཧད་བཏགས་འཚོལ་བའི་ཤུལ་ལུ་ འཐབ་འཛིང་བྱུང་མི་དང་ ཁོ་རའི་བུམོ་ལུ་ བརྡུང་རྫོབ་འབད་བའི་ བཙོན་ཁྲིམས་བཀལ་མི་དེ་ དོ་དམ་འོག་ལུ་ ཟླཝ་༡ དང་ཞག་གྲངས་༡༦ སྡོད་མི་གིས་འཐུསཔ་སྦེ་ འཁྲུན་ཆོད་གནང་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *