བསམ་གྲུབ་ལྗོངས་མཁར་ལུ་ འབྲུག་བརྒྱུད་འཕྲིན་གྱི་ ཉིནམ་ཐེངས་༣ པ་ བརྩི་སྲུང་འབད་བའི་བསྒང་།

མའི་བི་ཊི་དང་ པ་ཀུ་ཟེར་མི་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ རིམ་ལུགས་༢ འགོ་འབྱེད་འབད་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ འབྲུག་བརྒྱུད་འཕྲིན་གྱིས་ རྒྱལ་སྤྱི་བརྒྱུད་འབྲེལ་དང་བརྡ་དོན་གྱི་ མི་སྡེའི་ཉིནམ་དང་འབྲེལ་ འབྲུག་བརྒྱུད་འཕྲིན་གྱི་ཉིནམ་ ཐེངས་༣ པ་ བརྩི་སྲུང་འབད་བའི་སྐབས་ མའི་བི་ཊི་དང་ པ་ཀུ་ཟེར་མི་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ རིམ་ལུགས་༢ འགོ་འབྱེད་འབད་ཡི།

འབྲུག་བརྒྱུད་འཕྲིན་གྱིས་ ཉིནམ་བརྩི་སྲུང་འབད་མི་དེ་ཡང་ ལས་སྡེའི་གྲུབ་འབྲས་དང་ འབྲུག་བརྒྱུད་འཕྲིན་ལག་ལེན་འཐབ་མི་གཅིག་ཁར་ འཛོམས་ཐབས་ལུ་ཨིནམ་མ་ཚད་ རྩ་འགེངས་ཕྱག་ཞུ་མི་ ལས་བྱེདཔ་ཚུ་ ངོས་འཛིན་འབད་ཐོག་ལས་ གསོལ་རས་བྱིན་ཐབས་ལུ་ཡང་ཨིན་པས།

འབྲུག་བརྒྱུད་འཕྲིན་གྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མའི་བི་ཊི་ཟེར་མི་ རིམ་ལུགས་དེ་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ སྤྲོད་ཐབས་ལུ་ཨིནམ་ད་ ལག་ལེག་འཐབ་ངོ་བདེ་ཏོག་ཏོ་ཡོད་མི་ རིམ་ལུགས་དེ་གིས་ བརྒྱུད་འཕྲིན་གྱི་ ཞབས་ཏོག་ག་ར་ སྤྱོད་ཚུགས་ནི་ཨིནམ་བཞིན་དུ་ རིམ་ལུགས་དེ་ མོ་བཱ་ཡེལ་ཨེན་ཌོའིཊ་དང་ ཨའི་ཨོ་ཨེསི་༢ ཆ་རའི་ནང་ ཕབ་ལེན་འཐབ་ཚུགས་ནི་ཨིན་པས།

པ་ཀུ་ཟེར་མི་དེ་ དངུལ་ཁུག་ལུ་ གོ་དོ་ཡོདཔ་ད་ རིམ་ལུགས་དེ་གིས་ དངུལ་གཏང་ནི་དང་ ཊོབ་ཨབ་ཟེར་ མོ་བཱ་ཡེལ་ནང་ ཤོག་འཛིན་བའུ་ཅར་བཙུགས་ནི་ དེ་ལས་ སྤྱོད་ཁྲལ་ཚུ་བཏབ་ནི་ལ་སོགས་པ་ཚུ་ བཏུབ་ནི་ཨིནམ་ད་ རིམ་ལུགས་དེ་ རིམ་ལུགས་གསརཔ་ མའི་བི་ཊིའི་ཐོག་ལས་ ཕབ་ལེན་འབད་ཚུགས་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རིམ་ལུགས་དེ་གིས་ གྲོང་གསེབ་ནང་ སྡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་དེ་ཡང་ དངུལ་གཏང་ནིའི་དོན་ལུ་ དངུལ་ཁང་ཚུ་གི་ རྩིས་ཁྲ་མ་དགོ་མི་ལུ་བརྟེན་ཨིནམ་ད་ གྲོང་གསེབ་ནང་ སྡོད་མི་ཚུ་གི་དོན་ལས་ འབྲུག་བརྒྱུད་འཕྲིན་གྱིས་ དངུལ་འབྲེལ་ཚུ་ནང་ ཁག་ཆེ་བའི་ ཞབས་ཏོག་སྤྲོད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལས་སྡེ་གིས་ རྒྱལ་ཁབ་ནང་ བརྡ་དོན་དང་ བརྒྱུད་འབྲེལ་འཕྲུལ་རིག་གི་ ཞབས་ཏོག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ འཐོབ་ཚུགསཔ་བཟོ་ནི་དང་ ག་ར་གིས་ གོ་སྐབས་འདྲ་མཉམ་སྦེ་ སྤྲོད་ཐབས་ལུ་ རྒྱལ་ཁབ་ཀྱི་ ས་ཁོངས་ག་རའི་ནང་ བརྡ་དོན་དང་ བརྒྱུད་འབྲེལ་འཕྲུལ་རིག་གི་ ཞབས་ཏོག་ཚུ་ གཞི་བཙུགས་འབད་ནིའི་ ཁས་བླངས་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *