༉ ཁ་ཙ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲང་དཔོན་༢ དང་ རྫོང་བདག་༢ དེ་རས་ རྒཔོ་༡ ལུ་ ལེགས་དར་གནང་ཡི།
ཧེ་མའི་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ ཀུན་ལེགས་ཚེ་རིང་དང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ ཕྱག་ཞུ་བའི་བསྒང་ཨིན་མི་ ནོར་བུ་ཚེ་རིང་༢ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡི།
ལམ་སེལ་ལས་ཁུངས་ཀྱི་ མདོ་ཆེན་བགྲེསཔ་ ཀརྨ་དགེ་ལེགས་དེ་ གསར་སྤང་གི་ རྫོང་བདག་སྦེ་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་བགྲེསཔ་ མི་འགྱུར་རྡོ་རྗེ་དེ་ ཆུ་ཁའི་རྫོང་བདག་སྦེ་ གསར་བསྐོར་གནང་ནུག།
དེ་ལས་ དུས་ཅིའི་ལོ་ནང་ དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་གི་ རྒཔོ་གི་ས་སྟོང་ཐོན་མིའི་ནང་ བཙག་འཐུ་གྲུབ་མི་ རྒཔོ་སྤེན་པ་གིས་ཡང་ མི་དབང་མཆོག་ལས་ དར་ཞུ་ཡོད་པའི་གནས་ཚུལ།

གཡོན་ཁ་ཐུག་ལས་ དྭངས་ཆུ་རྒཔོ་སྤེན་པ་དང་ གསར་སྤང་རྫོང་བདག་ ཀརྨ་དགེ་ལེགས་ དྲང་དཔོན་ཀུན་ལེགས་ཚེ་རིང་ དྲང་དཔོན་ནོར་བུ་ཚེ་རིང་ ཆུ་ཁ་རྫོང་བདག་ མི་འགྱུར་རྡོ་རྗེ།