མགར་སའི་གསོལ་ཆུ།

མགར་ས་ལུ་ གྲུབ་ཆུ་ལག་ལེན་ཐོག་ བསིལ་ཆུ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོདཔ།

༉ མགར་ས་ལུ་ རྫོང་ཁག་གོང་འཕེལ་བརྒྱུད་སྐུལ་ལྟེ་བ་གིས་ མགར་ས་གསོལ་ཆུ་ཟེར་མི་ བསིལ་ཆུ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལྟེ་བ་དང་ བསིལ་ཆུ་འཕྲུལ་ཁང་གཉིས་ཆ་ར་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ འགོ་འབྱེད་གནང་ཡོདཔ་ཨིན་པས།
མགར་ས་གསོལ་ཆུ་དེ་ རང་བཞིན་གྱིས་ཐོན་མི་ ཆུ་རྐ་ལས་ དེང་སང་གི་ བཙག་འཕྲུལ་དང་ འཕྲུལ་ཆས་གཞན་ཚུ་ ལག་ལེན་འཐབ་སྟེ་ གཙང་ཏོག་ཏོ་བཟོ་ཞིནམ་ལས་ དམ་སྦྱིས་ནང་ འདེགས་དོ་ཡོདཔ་ད་ སྤུས་ཚད་དང་ལྡན་པའི་ གསོལ་ཆུ་དེ་ དུས་རབས་༡༢ པའི་ནང་ གྲུབ་ཐོབ་གཏེར་ཁུངས་པ་གིས་ བྱིན་གྱིས་རླབས་གནང་བའི་ གྲུབ་ཆུ་ལས་ བཟོཝ་ཨིན་ཟེར་ མགར་ས་རྫོང་བདག་ རྡོ་རྗེ་དགྲ་འདུལ་གྱིས་ གློག་འཕྲིན་ནང་བཀོད་ནུག།
ད་ལྟོ་ མགར་ས་བཀྲིས་མཐོང་སྨོན་རྫོང་བཞེངས་ཡོད་སའི་ ས་ཁོངས་དེ་ གྲུབ་ཐོབ་གཏེར་ཁུངས་པ་གིས་ གདན་ས་ཕྱག་བཏབ་གནང་ཡོདཔ་ད་ ཤུལ་ལས་ དུས་རབས་༡༦ པའི་ནང་ གྲུབ་ཆུ་དེ་ ཞབས་དྲུང་རིན་པོ་ཆེའི་དོན་ལུ་ གསོལ་ཆུ་སྦེ་ ལག་ལེན་འཐབ་ཡོདཔ་མ་ཚད་ བཀག་སྲུང་སྒོ་མོ་ལུ་ ཡོན་ཆབ་སྦེ་ ཕུལ་ཡོདཔ་ཨིན་པས།
མགར་ས་གསོལ་ཆུ་དེ་ མི་སྡེའི་ལས་སྡེ་ཅིག་གིས་ ལག་ལེན་འཐབ་མི་ རྫོང་ཁག་གོང་འཕེལ་བརྒྱུད་སྐུལ་ལྟེ་བ་གིས་ ཐོན་སྐྱེད་འགོ་དང་པ་ འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *