ལ་ཡ་ལོང་གོ་སྤྱི་འོག་ལས་ སྐྱེས་ལོ་༩༤ ལང་མི་ དབང་མོ་དེ་ ཚོགས་རྒྱན་བཙུགས་ཏེ་ ཕྱི་ཁར་ཐོན་འགྱོཝ་ད་ ཉེན་སྲུང་ལྟ་རྟོགཔ་ཅིག་གིས་ ཆ་རོགས་འབད་བའི་བསྒང་།

མགར་ས་ལས་ པདྨ་མཁའ་འགྲོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༉ རྫོང་ཁག་ལེ་ཤ་ཅིག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་བཟོ་ཡོདཔ་ འོང་སྲིད་ནི་རུང་ མགར་ས་ལུ་ ཁྱད་པར་བཟོ་མ་ཚུགས་པས།

དེ་ཡང་ ལ་ཡའི་འདེམས་ངོ་ རྡོ་རྗེ་མཁའ་འགྲོ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༥ ལས་བརྒལ་ མ་ཐོབ་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཌོག་ཊར་ཕུརཔ་རྡོ་རྗེ་དང་ ཀུན་ལེགས་རྡོ་རྗེ་༢ ཕམ་བཏང་ཐོག་ལས་ མགར་སའི་འཐུས་མི་སྦེ་ རྒྱལ་ཁ་ཐོབ་ནུག།

རྡོ་རྗེ་མཁའ་འགྲོ་གིས་ མགར་ས་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༡༡ ཡོད་མིའི་ནང་ ཚོགས་རྒྱན་༡,༣༣༣ བཙུགས་ཡོད་མི་ལས་༥༣༢ ཐོབ་ཡོདཔ་ད་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༤༡༢ ཐོབ་མི་ ཌོག་ཊར་ཕུརཔ་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡༧༨ སྐྱུར་མི་ལས་༡༡༦ ཐོབ་མི་དེ་ མཐོ་ཤོས་ཨིན་པས།

ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་གིས་ སླབ་མིའི་ནང་ ལ་ཡ་དང་ ལུང་ནག་ནང་ལུ་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་མངམ་ཡོདཔ་ལས་ ཁོ་གིས་ རྒྱལ་ཁ་འཐོབ་ནི་གི་ རེ་བ་བསྐྱེད་ཅི་ཟེར་ཨིནམ་ད་ ང་ར་ མི་སེར་དང་གཅིག་ཁར་ སྡོད་ནི་དེ་གིས་ ཁོང་གི་གནད་དོན་དང་ དཀའ་ངལ་ཚུ་གི་སྐོར་ ང་གིས་ ལེགས་ཤོམ་སྦེ་ར་ཤེས་ཟེར་ རྡོ་རྗེ་མཁའ་འགྲོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ ལུ་ ཁ་སྟོད་-ལ་ཡའི་འདེམས་ངོ་སྦེ་ སྐུལ་བསྒྲགས་འབད་བའི་ ཉམས་མྱོང་ཐོབ་མི་གིས་ རྒྱལ་ཡོངས་ཚོགས་སྡེའི་ སྐུལ་བསྒྲགས་ནང་ ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ད་ ད་རེས་འབད་བའི་བསྒང་ལས་ ང་གིས་ མི་སེར་གྱི་ བློ་གཏད་དང་ ཡིད་ཆེས་ཐོབ་ཚུགས་ཅི་ཟེར་ རྡོ་རྗེ་མཁའ་འགྲོ་གིས་ བཤདཔ་ཨིན་པས།

མགར་ས་ལུ་ དྲོ་པ་ཁམས་ཅིག་ཁར་ ཆརཔ་ཟམ་ཟིམ་སྦེ་ རྐྱབ་ཡོདཔ་ལས་ ཚོགས་སྐྱུར་མི་མང་ཤོས་ར་ ཉིན་མ་ཁམས་ཅིག་ཁར་རྐྱངམ་གཅིག་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢,༠༠༠ ཡོད་མི་ལས་༡,༥༡༡ གིས་ གྲལ་གཏོགས་འབད་ནུག།

རྫོང་ཁག་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་༣ མ་གཏོགས་ ཆ་མེད་མ་འགྱོ་བས།

ཀུན་ལེགས་རྡོ་རྗེ་གིས་ ཚོགས་རྒྱན་༤༣༦ ཐོབ་མི་ལས་༣༨༩ འཕྲུལ་ཆས་དང་༤༧ འགྲེམ་ཐོག་ཚོགས་རྒྱན་ལས་ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *