མགར་ས་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༨༦ ཐོན་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༧ ལས་༩ ཚུན་ ཉིན་གྲངས་༣ གྱི་རིང་ མགར་ས་སློབ་གྲྭ་ཆུང་བ་དང་ སྦྱིས་གཤོང་སློབ་གྲྭ་ལྟེ་བ་༢ ཀྱི་ནང་ཡོད་པའི་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ ཐོ་བཀོད་འབད་དེ་ཡོད་པའི་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༤༥༥ ཡོད་ས་ལས་ བརྒྱ་ཆ་༨༠ ལྷགཔ་ཅིག་གི་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ཚོགས་རྒྱུན་བཙུགས་མི་ཡོངས་བསྡོམས་ལས་ བརྒྱ་ཆ་༨༦ ཕོ་སྐྱེས་དང་ བརྒྱ་ཆ་༨༥ ཨམ་སྲུ་ཚུ་ཨིནམ་ད་ ཁ་ཙ་ སྦྱིས་གཤོང་འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ ཕོ་སྐྱེས་༦ དང་ ཨམ་སྲུ་༥༣ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

རྫོང་ཁག་གི་ ལས་བྱེདཔ་དང་ ལས་འཛིན་ཡིག་ཚང་དང་ དངུལ་འབྲེལ་ལས་སྡེ་དང་སློབ་གྲྭ་ དེ་ལས་ ལས་འགུལ་གྱིས་ལས་བྱེདཔ་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ནང་ ཐོ་བཀོད་འབད་ཡོད་མི་ལུ་ བརྩི་འཇོག་སྦོམ་བཞག་སྟེ་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་དེ་ ཉིན་གྲངས་༣ ཀྱིས་རིང་ བཞག་ཡོདཔ་ཨིན་པས།

རྫོང་ཁག་བཙག་འཐུ་ཡིག་ཚང་དང་འཁྲིལཝ་ད་  སྤྱི་ཚོགས་༣ པའི་ བཙག་འཐུའི་དོན་ལུ་ རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༢༦༡ དང་ཨམ་སྲུ་༡༩༤ ཡོདཔ་ཨིན་པས།

ཁ་སྟོད་-ལ་ཡ་འདེམས་ཁོངས་ནང་ ཐོ་བཀོད་འབད་དེ་ཡོད་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༡,༠༢༣ དང་ ཁ་སྨད་-ལུང་ནག་ནང་ལུ་ ཚོགས་རྒྱན་བཙུགས་མི་༢,༠༦༤ གིས་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *