ཚོགས་རྒྱན་བཙུགས་མི་༥༠ ལྷགཔ་ཅིག་གིས་ རྩོད་འགྲན་ནང་ འདུ་འཛོམས་འབད་ཡོདཔ་ཨིན་མས།

མགར་ས་གི་ འདེམས་ཁོངས་རྩོད་བསྡུར་ མཇུག་བསྡུ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ མགར་ས་སྦྱིས་གཤོང་སློབ་གྲྭ་ལྟེ་བ་ནང་ ཁ་སྨད་ལུང་ནག་ནང་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ མི་ངོམ་༥༠ ལྷགཔ་ཅིག་ འཛོམས་ཡོདཔ་ཨིན་པས།

ལུང་ནག་ནང་ལས་ཨིན་མི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དོན་གྲུབ་ཀྱིས་ སླབ་མིའི་ནང་ ཁོ་ར་ སྲིད་ཚོགས་ནང་འཛུལ་མི་དེ་ཡང་ ན་གཞོན་ཚུ་ ཤེས་ཚད་སྦོམ་བལྟ་བཅུག་ནིའི་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ཨིན་ཟེར་ བཤད་པའི་ཁར་ དཀའ་སྡུག་གི་ཚོར་བ་དང་ ལོ་ངོ་༡༨ དེ་ཅིག་ མི་སྡེ་ནང་སྡོད་མི་ཅིག་འབདཝ་ལས་ དཀའ་ངལ་གྱི་སྐོར་ལས་ ཁོ་གིས་ ཧ་གོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཁོ་བཙག་འཐུ་འགྲུབ་པ་ཅིན་ མི་སྡེའི་དཀའ་ངལ་དེ་ སྤྱི་ཚོགས་ནང་ ཕུལ་ནིའི་རེ་བ་ཡོད་ཟེར་ཨིན་པས།

དེ་མ་ཚད་ སློབ་གྲྭ་ནང་འགྱོ་མི་ཚུ་ལུ་ དཔེ་བལྟ་ས་དང་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ལྷབ་སའི་མཐུན་རྐྱེན་ བརྒྱུད་འཕྲིན་ལ་སོགས་པ་ཚུ་ ག་ནི་ཡང་མེདཔ་ལས་ ཁོ་རའི་ ཁས་བླངས་གསལ་བསྒྲགས་དེ་ སྤྱིར་བཏང་མི་སེར་ཚུ་ལུ་ གོ་སྐབས་འདྲན་འདྲ་འཐོབ་ཐབས་ལུ་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་གྱི་ལྟ་སྐོར་དང་ སློབ་གྲྭ་ནང་ལས་ ཐོན་འགྱོ་མིའི་དཀའ་ངལ་སེལ་ཐབས་ལུ་ འཆར་གཞི་དང་སྲིད་བྱུས་ཚུ་ བརྩམ་འོང་ཟེར་ བཤད་ཡོདཔ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ ཁོ་རའི་ཚོགས་པ་གི་ལྟ་བ་ རྒྱལ་ཁབ་ཀྱི་ ངན་ལྷད་མར་ཕབ་དང་ ཡུན་བརྟན་གོང་འཕེལ་ལུ་གཞི་སྟེ་ ཚོགས་པ་གིས་ རྒྱལ་ཁབ་ལུ་ ལོ་༥ ལས་ལྷག་པའི་གོང་འཕེལ་དང་ རྒྱབ་སྐྱུར་མི་བཞག་ཟེར་བའི་ འཆར་སྣང་གི་སྐོར་ལས་ བཤད་ཡོདཔ་ད་ ཁོ་གིས་ གནད་དོན་གཙོ་བོ་ར་ སྒེར་སྡེ་གོང་འཕེལ་དང་ སྲིད་བྱུས་བཟང་པོའི་ཐོག་ལས་ བརྩི་མཐོང་ཡོད་པའི་ ལཱ་གཡོག་གི་གོ་སྐབས་ དེ་ལས་ དངུལ་འབྲེལ་གྱི་ཐབས་ལམ་དང་ སྲིད་བྱུས་ཚུ་གི་སྐོར་ལས་བཤད་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྒེར་སྡེ་གོང་འཕེལ་དེ་ ཁྲོམ་ཁར་རྐྱངམ་གཅིག་འོང་དགོ་ཟེར་མི་དེ་ གོ་བ་ཕྱི་འགྱུར་སྦེ་ ཧ་གོ་ནུག་ཟེར་ཨིན་པའི་ཁར་ འབྲུག་ཀུན་མཉམ་ཚོགས་པ་གིས་འབད་བ་ཅིན་ གྲོང་གསེབ་ཀྱི་ས་ཁོངས་ནང་ཡང་ གོང་འཕེལ་གཏང་འོང་ཟེར་ཨིནམ་ད་ ཚོགས་པ་གཞན་བཟུམ་སྦེ་ ཁས་བླངས་མངམ་འབད་ནི་མེད་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་གྲགས་པ་གིས་ འདས་པའི་བཙག་འཐུ་ནང་ལུ་ ཁོ་ལུ་རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོད་པའི་ཁར་ སྤྱི་ལོ་༢༠༡༣ གྱི་ ཁས་བླངས་གསལ་བསྒྲགས་དེ་ བརྒྱ་ཆ་ལས་༩༩ གྲུབ་ཚུགས་ཅི་ཟེར་ཨིནམ་ད་ རྒེད་འོག་གནང་བྱིན་མ་དངུལ་ དངུལ་ཀྲམ་༥,༠༠༠,༠༠༠ ལུ་ ཡར་སེང་འབད་ནི་དང་ རྒེད་འོག་གི་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠ བྱིན་འོང་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གནང་བྱིན་དེ་ ཁ་སྨད་གི་མི་སེར་ཚུ་གི་ བགོ་བཤའ་རྐྱབ་པ་ཅིན་ དངུལ་ཀྲམ་༥༠,༠༠༠ རེ་ འཐོབ་ནི་མས་ཟེར་ཨིན་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒེད་འོག་གི་ཁས་བླངས་གསལ་བསྒྲགས་དེ་ ལུང་ནག་ནང་ལུ་ གློག་མེ་བཀྲམ་སྤེལ་དང་ ད་རུང་ གནམ་གྲུ་ཧེ་ལི་ཀོབ་ཊར་ཉོ་ནི་ སྤྱི་འོག་རེ་ལུ་ཞིང་རྨོ་འཕྲུལ་ དེ་ལས་ ཨ་ལོ་གཅེས་སྐྱོང་ལ་སོགས་པ་ཚུ་བྱིན་ནི་ཨིནམ་མ་ཚད་ དགོན་ས་དང་ཁའི་ལོགས་སྤྱི་འོག་ནང་ ཞིང་ལམ་བཏོན་ནི་ཚུ་ཨིན་ཟེར་ བཤདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཡེ་ཤེས་སྒྲོལ་མ་གིས་ སླབ་མིའི་ནང་ ཚོགས་པ་༤ པོ་ཆ་ར་གི་ ལྟ་བ་དང་གཞི་རྩ་ འདྲ་སུ་ཅིག་སྦེ་ཡོད་རུང་ ཁོང་གི་ཁས་བླངས་གསལ་བསྒྲགས་དེ་ མ་འདྲཝ་ཅིག་ཡོད་ཟེར་ཨིནམ་ད་ དེ་ཡང་ ཉིན་གྲངས་༡༢༠ གི་ནང་འཁོད་ རིན་མེད་སྟོང་པར་སྦེ་ ཁ་སླབ་དང་རྒྱང་མཐོང་བལྟ་ནིའི་དོན་ལུ་ ཝའེ་ཕའེ་ཞབས་ཏོག་ བྱིན་འོང་ཟེར་ཁས་བླངས་འབད་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ མི་སྡེ་དང་བཟའ་ཚང་ཚུ་ ཁག་དབྱེ་བཏང་བའི་དུས་ཚོད་ལུ་ ཚོགས་པ་གསརཔ་ སྒྲིང་སྒྲི་༢ བཅའ་མར་གཏོགས་མི་དེ་ གནས་སྟངས་ལེགས་བཅོས་འབད་ནིའི་དོན་ལུ་ ཨིནམ་བཞིན་དུ་ གོ་སྐབས་དེ་ ཧེ་མའི་སྲིད་ཚོགས་རྙིངམ་ལུ་ར་བྱིན་པ་ཅིན་ མ་འོངས་པ་ལུ་ མོ་དང་འབྲེལ་བའི་ན་གཞོན་ཚུ་ལུ་ སྲིད་དོན་ནང་ བཅའ་མར་གཏོགས་དགོ་པ་ཅིན་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ སྤྲོད་དགོ་པའི་གནས་སྟངས་ འབྱུང་འོང་ཟེར་ཨིན་པས།

རྩོད་འགྲན་ནང་ འདེམས་ངོ་ག་ར་གིས་ གཅིག་གིས་གཅིག་ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དང་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་ དེ་ལས་ སྒེར་སྡེ་གོང་འཕེལ་དང་ གློག་མེའི་བུ་ལོན་ལ་སོགས་པའི་ གནད་དོན་ཐོག་ལུ་ རྩོད་འགྲན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *