མཁའ་འགྲོ་ཐང་ལུ་ གླངམོ་ཆེ་ལོག་འོང་ཡོདཔ།

༉ བསམ་རྩེ་རྒེད་འོག་ མཁའ་འགྲོ་ཐང་ལུ་ རི་དྭགས་གླངམོ་ཆེ་ལོག་འོང་སྟེ་ གནམ་དགུན་གྱི་སྐབས་ གནོད་སྐྱོན་རྐྱབ་དོ་བཟུམ་ ལོ་ཐོག་ཚུ་ མེདཔ་བཏང་དོ་ཡོདཔ་ཨིན་པས།

གླངམ་ཆེ་དེ་གིས་ སྤྱི་ཟླ་༨ པའི་ཚེས་༦ གི་ནུབ་མོར་ རྒེད་འོག་ནང་གི་ རྡོག་མ་ཤིང་དང་ གེ་ཟ་ཚུ་ མེདཔ་བཏང་ཡོདཔ་ད་ ས་གནས་ནང་སྡོད་མི་ ཀརྨ་དབང་འཛིན་གྱིས་ སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་རུང་ རྒེད་འོག་བདག་སྐྱོང་གིས་ གནོད་སྐྱོན་རྐྱབ་པའི་ ལོ་ཐོག་ཚུ་གི་ པར་བཏབ་འབག་པའི་ཤུལ་ལས་ ག་ནི་ཡང་ འབད་མ་བཏུབ་ཟེར་ཨིན་པས།

སོ་ནམ་པ་ མང་གཱལ་སིང་གིས་ དུས་ཅི་ འབྱ་ཞིང་གི་ ལཱ་མི་འབད་ནི་སྦེ་ མནོ་བསམ་བཏང་ཡོད་རུང་ གླངམོ་ཆེ་དེ་ འོང་སྟེ་ར་ སྡོད་ཡོདཔ་ལས་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གླངམོ་ཆེ་གིས་ མི་ལུ་ཡང་ གནོདཔ་བཀལ་དོ་ཡོདཔ་ལས་ བདའ་གཏང་མི་ཚུགས་པས་ཟེར་ཨིནམ་ད་ གླངམོ་ཆེ་དེ་ ཉིན་མ་ཡང་ འོང་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ བཤད་མིའི་ནང་ ན་ཧིང་ མཁའ་འགྲོ་ཐང་ལུ་འོང་སྟེ་ རྡོག་མ་ཤིང་དང་ གེ་ཟའི་ཞིང་ཚུ་ མེདཔ་བཏང་མི་ གླངམོ་ཆེ་དེ་ར་ཨིན་མས་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ནགས་ཚལ་འགོ་དཔོན་ཚུ་གིས་ གླངམོ་ཆེ་ལུ་ ངོ་རྟགས་ཇི་པི་ཨེསི་བཏགས་ཚུགས་རུང་ གླངམོ་ཆེ་གིས་ ལོ་ཐོག་ཚུ་ མེདཔ་གཏང་ནི་ལས་ བཀག་མ་ཚུགས་པར་ ཡོདཔ་ཨིན་པས།

སོ་ནམ་པ་ ཀི་རཱན་ཌ་ཀཱལ་གྱིས་ སླབ་མིའི་ནང་ ཇི་པི་ཨེསི་ནང་ སྤྱི་ཟླ་༧ པའི་ཚེས་༢ ལུ་ གླངམོ་ཆེ་གིས་ ས་མཚམས་བརྒལ་བའི་ཤུལ་ལས་ ལོ་ཐོག་ཚུ་ མེདཔ་བཏང་ཡོདཔ་སྦེ་ མཐོང་གསལ་བྱུང་ནུག། 

དེ་ཚེ་ གླངམོ་ཆེ་དེ་གིས་ ཀི་རཱན་ཌ་ཀཱལ་གྱི་ གེ་ཟའི་ཞིང་ནང་འཛུལ་ཏེ་ གནོད་སྐྱོན་རྐྱབ་ཡོད་པའི་ཁར་ འབྱ་ལེགས་ཤོམ་སྦེ་ སྐྱེས་མི་ཚུ་ར་ ཟ་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གླངམོ་ཆེ་འཛུལ་ནི་ལས་ བཀག་ཐབས་ལུ་ ཌ་ཀཱལ་ཊར་ལུ་ རྩིགཔ་རྐྱབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ས་གནས་ནང་ དུང་དཀར་གླིང་གི་ མི་སེར་ཚུ་གིས་ རང་སོའི་་སྒོ་ནོར་སེམས་ཅན་ཚུ་ བཏང་དོ་ཡོདཔ་ཨིན་པས།

དེ་འབདཝ་ལས་ སོ་ནམ་པ་ཚུ་གིས་ ཌ་ཀཱལ་ཊར་ས་ཁོངས་དེ་ ག་ར་བཀག་མ་བཞག་པར་ བཞག་དགོ་པའི་ ཞུ་བ་འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *