ཁ་ཙ་ སྟག་སྐད་ལ་ལུ་ མཁན་པོ་དཀར་པོའི་སྐུ་གདུང་ སྤུར་སྦྱང་ཕུལ་བའི་བསྒང་།

མཁན་པོ་དཀར་པོའི་སྐུ་གདུང་ སྤུར་སྦྱང་ཕུལ་ཡོདཔ།

༉ ཁ་ཙ་ སྟག་སྐད་ལ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲའི་གདོང་ཁར་སྦེ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ལས་ བླ་སྤྲུལ་དང་ མཁན་པོ་ དགེ་སློང་ དེ་ལས་ མཚམས་པ་༡༠༠ ལྷགཔ་ཅིག་གིས་ མཁན་པོ་དཀར་པོའི་སྐུ་གདུང་ སྤུར་སྦྱང་གནང་ཡི།

དེ་ཡང་ ཤར་ཁ་ཐུག་ལས་ འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ རྩ་གསུམ་དྲིལ་སྒྲུབ་ཀྱི་ གསུང་ཆོག་གནང་ཡོདཔ་ད་ ལྷོ་ཁ་ཐུག་ལས་ མོང་སྒར་རབ་སྡེའི་ བླམ་གནས་བརྟན་གྱིས་གཙོས་པའི་ དགེ་སློང་ཚུ་གིས་ མི་འཁྲུགས་པའི་ གསུང་ཆོག་གནང་ཡི།
དེ་བཟུམ་སྦེ་ ནུབ་ཁ་ཐུག་ལས་ བདུད་འཇོམས་ཡང་སྲིད་ བསྟན་འཛིན་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ ཉི་མ་ལུང་བཤད་གྲྭའི་ དགེ་འདུན་རྣམས་ཀྱིས་ སྨིན་གླིང་རྡོར་སེམས་ཀྱི་སྒོ་ལས་ གསུང་ཆོག་གནང་ཡོདཔ་ད་ བྱང་ཁ་ཐུག་ལས་ མཁོ་མ་བླམ་ རྣམ་གྲོལ་བཟང་པོ་གིས་གཙོས་པའི་ ཨྱོན་མདོ་སྔགས་འོད་གསལ་ཆོས་གླིང་གི་ དགེ་སློང་ཚུ་གིས་ རྡོར་སེམས་ཀྱི་ གསུང་ཆོག་གནང་ཡི།
སྤུར་སྦྱང་སྐབས་ སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ཌོག་ཊར་བསོད་ནམས་ཀུན་དགའ་ སྤྱི་ཚོགས་ཀྱི་འཐུས་མི་ ཆེ་མཐོའི་དཔོན་ཁག་ དེ་ལས་ དད་ཅན་སྟོང་ཕྲག་བཅད་མི་ཚུ་གིས་ གྲལ་གཏོགས་འབད་ཡི།
དེ་མ་ཚད་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་བཞེངས་པའི་སྐབས་ ཐའི་ལེནཌ་དང་ མ་ལེ་ཤི་ཡ་ སིངྒ་པུར་ དེ་ལས་ རྒྱ་ནག་ལས་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ དད་ཅན་སྦྱིན་བདག་ བརྒྱ་ལས་བཅད་དེ་ འོང་ཡོདཔ་ཨིན་པས།
སྤུར་སྦྱང་སྐབས་ གནམ་ཁར་ གཞའ་སྤུབས་པའི་ཁར་ མེ་ཏོག་གི་ཆརཔ་བབས་པའི་ རྟགས་མཚན་བཟང་པོ་ སྟོན་ཡི།
མཁན་པོ་དཀར་པོ་མཆོག་ སྤྱི་ཟླ་དང་པའི་ཚེས་༡༨ ལུ་ ཞིང་ཕེབས་པའི་ཤུལ་ལས་ ཟླཝ་༤ གི་རིང་ ཐུགས་དམ་ནང་ བཞུགས་ཡོད་པའི་གནས་ཚུལ།

སྟག་སྐད་ལ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *