མ་འུན་ཊེན་ ཨི་ཀོ་ཤེས་ཡོན་དུས་སྟོན་གྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ མ་འུན་ཊེན་ ཨི་ཀོ་ཟེར་མི་ ཤེས་ཡོན་དུས་སྟོན་ཐེངས་༨ པ་ འགོ་འདྲེན་འཐབ་ནིའི་དོན་ལས་ ཐིམ་ཕུག་ལུ་ གྲ་སྒྲིག་འབད་བའི་བསྒང་འདུག།
དུས་སྟོན་དེ་ཡང་ རྒྱལ་རབས་དང་ རང་བཞིན་གནས་སྟངས་ ཚོང་འབྲེལ་ དབུ་ཁྲིད་ སྒྱུ་མ་ སེམས་ཁམས་ བཞེས་སྒོ་ ཆོས་ཕྱོགས་ དེ་ལས་ ནང་པའི་ཆོས་ལུགས་འཛིན་མི་ཚུ་གི་ བརྗོད་དོན་ཐོག་ལུ་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ འགོ་བཙུགས་ནི་ཨིན་པས།
ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ དུས་སྟོན་དེ་ནང་ འཛམ་གླིང་དང་འབྲེལ་བའི་གནད་དོན་ འཛམ་གླིང་འཕེལ་འགྱུར་ཐགས་རིགས་དང་ རང་ལུགས་ཀྱི་ བཟོ་བཀོད་ཚུ་ཡང་ འགྲེམས་སྟོན་འབད་ནི་ཨིན་པས།
དུས་སྟོན་གྱི་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ དུས་སྟོན་ནང་ མཁས་མཆོག་ཚུ་གི་ འཁྲབ་སྟོན་ཐོག་ རང་སོའི་ བསམ་འཆར་ཚུ་གི་སྐོར་ལས་ གསལ་བཤད་འབད་འོང་ཟེར་ཨིན་པས།
འབྲུག་ལས་ དུས་སྟོན་ནང་ གསལ་བཤད་འབད་མི་ཚུ་ཡང་ མཁས་སྒྲུབ་རིན་པོ་ཆེ་ ཨོ་རྒྱན་བསྟན་འཛིན་དང་ འཕྲིན་ལས་ལྷུན་སྒྲུབ་ པར་བཏབ་མི་ གློག་བརྙན་བཟོ་མི་ དཔེ་དེབ་རྩོམ་མི་ དཔའ་བོ་ ཆོས་ཉིད་རྡོ་རྗེ་ གཞུང་དགེ་འདུན་གྲྭ་ཚང་ལྟེ་བ་ལས་ མཁན་པོ་བསོད་ནམས་འབུམ་ལྡན་ འཆི་མེད་ཆོས་སྒྲོན་ དེ་ལས་ ཅཱན་ཌིར་ཀ་ ཏ་མང་ཚུ་གིས་ གྲལ་གཏོགས་འབད་ནི་ཨིན་པས།
དེ་ལས་ ཨཱསི་ཊེ་ལི་ཡ་གི་ རྩོམ་པ་པོ་ མར་ཀུས་ ཟུ་སཱག་དང་ ལོན་ཌོན་ལུ་ཡོད་པའི་ སྙན་ངག་བྲིས་མི་ ཕ་རསི་སིསི་ཀ་ བརཊི་ འཁྲབ་རྩེདཔ་ བཞེས་སྒོའི་མཁས་མཆོག་ དཔེ་སྟོན་འབད་མི་ དཔེ་དེབ་བྲིས་ཏེ་ གཟེངས་ཐོན་རྟགས་མ་ཐོབ་མི་ པཱདཐི་མ་ ལགཤི་མི་ དེ་ལས་ རྒྱ་གར་གྱི་ དཔེ་དེབ་རྩོམ་པ་པོ་ ཨ་ཤི་ཝེན་ སང་གི་ལ་སོགས་པ་ཚུ་གིས་ དུས་སྟོན་ནང་ གསལ་བཤད་འབད་ནི་ཨིན་པས།
མ་འུན་ཊེན་ ཨི་ཀོ་ཤེས་ཡོན་དུས་སྟོན་དེ་ སི་ཡ་ཧི་གི་ རྒྱ་གར་དང་ འབྲུག་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ ཇེ་པི་སྡེ་ཚན་དང་ ར་ཇཱསི་ཐཱན་གཞུང་གི་ ལྟ་བཤལ་ལས་ཁུངས་ཀྱིས་ སྤྱན་འབུལ་འབད་ནི་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *