བློན་ཆེན་མཆོག་ ནངས་པར་ རྒྱ་གར་ལུ་འབྱོན་ནི།

༉ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ མོ་དི་གིས་ མགྲོན་བརྡ་འབདཝ་བཞིན་དུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ནངས་པ་ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ གཞུང་དོན་གཟིགས་སྐོར་གནང་ནི་ཨིན་པས།
གཟིགས་སྐོར་གྱི་སྐབས་ བློན་ཆེན་གྱིས་ རྒྱ་གར་གྱི་ བློན་ཆེན་དང་ གསུང་གྲོས་གནང་ནི་ཨིནམ་མ་ཚད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ བློན་པོ་གཞན་ཚུ་གིས་ཡང་ བློན་ཆེན་དང་ མཇལ་ཕྲད་ཞུ་ནི་ཨིན་པས།
རྒྱ་འབྲུག་༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་སྦེ་ གནས་ཡོདཔ་བཞིན་དུ་ དུས་ཅི་ རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་བའི་བསྒང་ཡོདཔ་ཨིན།
མཐུན་འབྲེལ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ ལོ་འདི་ནང་ བློན་ཆེན་མཆོག་གི་ གཟིགས་སྐོར་སྐབས་ རྒྱལ་ཁབ་༢ ཀྱི་ མི་སེར་ཚུ་ལུ་ ཕན་རླབས་ཆེ་བའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནིའི་ གོ་སྐབས་འཐོབ་ནི་ཨིནམ་མ་ཚད་ དཔེ་སྟོན་གྱི་ མཐུན་འབྲེལ་ཚུ་ ལྷག་པར་དུ་ རྩ་བརྟན་དང་ ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ རྒྱ་གར་གཞུང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *