བློན་ཆེན་མཆོག་ ཐའི་ལེནཌ་ལུ་བྱོན་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ཐའི་ལེནཌ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ མི་སྟོབས་གོང་འཕེལ་ནང་ ནང་པའི་ཁ་ཐུག་ལས་ ལྷན་ཐབས་ག་དེ་སྦེ་ འབད་ཚུགས་ག་ཟེར་བའི་ བརྗོད་དོན་ཐོག་ལུ་ གསུང་བཤད་གནང་ནི་ཨིན་པས།
བློན་ཆེན་མཆོག་གིས་ སྤྱི་ཟླ་༥ པའི་ཚེས་༢༦ ཚུན་ ཐའི་ལེནཌ་ལུ་ བཞུགས་པའི་རིང་ ཐའི་ལེནཌ་གི་བློན་ཆེན་ པྲ་ཡུད་ཅན་ཨོ་ ཅ་དང་གཅིག་ཁར་ མཇལ་ཕྲད་གནང་ནི་ཨིནམ་ད་ འབྲུག་རྒྱལ་ཁབ་འདི་ འགོ་འདྲེན་ཚོགས་ཆུང་གི་ འཐུས་མི་ཨིནམ་བཞིན་དུ་ ལས་རིམ་དེ་ ཤྲི་ལངྐ་དང་ ཐའི་ལེནཌ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཝི་སཱག་ཟེར་མི་དེ་ བདག་ཅག་གི་སྟོན་པ་ སྐུ་འཁྲུངས་པ་དང་ སངས་རྒྱས་པ་ དེ་ལས་ མྱ་ངན་ལས་འདས་པའི་ དུས་ཆེན་ཁྱད་པར་ཅན་གསུམ་ལུ་ བརྩིཝ་ཨིན་པས།
དུས་སྟོན་དེ་ སྤྱི་ལོ་༡༩༩༩ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་སྐབས་ ངོས་འཛིན་འབད་དེ་ འགོ་དང་པ་ སྤྱི་ལོ་༢༠༠༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་ལྟེ་བ་ལུ་སྦེ་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *