ཨེ་མི་རི་ཀའི་ཁྲོམ་ཚོགས་ ནིའུ་ཡོག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་གཙོ་ཁང་།

བློན་ཆེན་མཆོག་གིས་ སྤྱི་ཚེས་༢༢ ལུ་ འཛམ་གླིང་སྤྱི་ཚོགས་ནང་ གསལ་བཤད་གནང་ནི།

འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་ཐེངས་༧༢ པའི་ སྤྱིར་བཏང་རྩོད་འགྲན་དེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གཙོ་ཁང་ནང་སྦེ་ ད་རིས་ལས་ འགོ་བཙུགསཔ་ཨིན་པས།

ཞལ་འཛོམས་དེ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་པའི་སྡེ་ཚན་འགོ་ཁྲིད་ཐོག་ བཅའ་མར་གཏོགས་གནང་ནི་ཨིནམ་ད་ བློན་ཆེན་དང་ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ ཕྱི་འབྲེལ་ལྷན་ཁག་ལས་ ཆེ་མཐོའི་འགོ་དཔོན་ཚུ་ བྱོན་དོ་ཡོདཔ་ཨིན་པས།

བློན་ཆེན་མཆོག་གིས་ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ གསལ་བཤད་གནང་ནི་ཨིནམ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱི་ ཆེ་མཐོའི་འགོ་དཔོན་ཚུ་དང་ ཟུང་ཕྱོགས་ཀྱི་ ཞལ་འཛོམས་མང་རབས་ཅིག་ གནང་ནི་དང་ བུ་ལུམ་བཱག་ཚོང་འབྲེལ་གྲོས་བསྡུར་གྱིས་གཙོས་པའི་ ལས་རིམ་ལེ་ཤ་ཅིག་ནང་ བཅའ་མར་གཏོགས་གནང་ནི་གི་ ལས་འཆར་ཡོད་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

དུས་ཅིའི་ ཡོངས་ཁྱབ་ཚོགས་འདུའི་ ཚོགས་ཐེངས་༧༢ པའི་ བརྗོད་དོན་དེ་ མི་སེར་ཚུ་ལུ་ གཙོ་བོར་བཏོན་ཏེ་ ཞི་བདེ་ལུ་ བརྩོན་ནི་དང་ འཛམ་གླིང་ནང་ འགྲོ་བ་མི་ཆ་མཉམ་ར་ མི་ཚེ་ལེགས་ཤོམ་སྦེ་ གནས་ཐབས་ལུ་ཨིན་པས།

ཡོངས་ཁྱབ་ཚོགས་འདུ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཚོགས་སྡེ་གཙོ་བོ་ཅིག་ཨིནམ་ལས་ གལ་གནད་ཆེ་བའི་ གྲོས་ཐག་ཚུ་ བཅད་གནངམ་མ་ཚད་ སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་༡༩༣ ཆ་མཉམ་ལུ་ འབྲེལ་གཏོགས་ཀྱི་ དབང་ཚད་འདྲ་མཉམ་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་དང་ བློན་པོ་ སྲིད་དོན་ཚོགས་པའི་འཐུས་མི་ དེ་ལས་ འབྲེལ་ཡོད་ཁེ་གྱོང་པ་ དཔེར་ན་ གཞུང་མིན་ལས་ཚོགས་དང་ ཚོང་འབྲེལ་ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *