བྲོས་ཟུར་འབད་མི་ བཙོན་པ་འཚོལ་བའི་བསྒང་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢ ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ བྱོག་སོང་མི་ བཙོན་པ་ཅིག་ འཚོལ་བའི་བསྒང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ ཨར་རྐུན་ལུ་བརྟེན་ སྤྱི་ལོ་༢༠༡༦ ལུ་ བསམ་གྲུབ་ལྗོངས་མཁར་ལས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ད་ལྟོ་ ལྕམ་སྒང་ལུ་ ཡངས་བཙོན་གྱི་ ཉེས་ཁྲིམས་འབག་པའི་བསྒང་ཡོད་ཟེར་ཨིན་པས།
ཁོ་བྲོས་ཟུར་འབད་བའི་སྐབས་ ལྗང་ཁུ་དང་ཧོནམོ་འབད་མི་ གྱོན་ཆས་ཀོཊ་དང་ དོརམ་ལྗང་མདོག་གྱོན་ཏེ་ཡོདཔ་མ་ཚད་ ལྷམ་གནགཔོ་བཙུགས་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *